འདི་ནི་བོད་ལྗོངས་གནའ་བའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་རེད།

འགྲེམ་སྟོན་ཡུལ་དངོས་སུ་ལྟད་མོ་བ་ཧ་ཅང་མང་པོ་ཡོད།

 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན་ནས་ཟླ12པའི་ཚེས3ཉིན་བར་དུ། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་དུ་ལྡེར་སྐུའི་རིགས་དང་། ཐང་གའི་རིགས། འདོགས་ཆའི་རིགས་སོགས་བོད་ལྗོངས་ཀྱི་གནའ་བའི་རིག་གནས་སྐོར་གྱི་འབྲེལ་ཡོད་རིག་རྫས་བརྒྱ་ལྷག་འགྲེམ་སྟོན་བྱས་ཤིང་། རིག་རྫས་འདི་དག་ནི་གསར་དུ་བཙུགས་པའི་བོད་ལྗོངས་གནའ་བའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་ལྗོངས་རིག་རྫས་བསྡུ་ཉར་མཐུན་ཚོགས་ཀྱི་ཚོགས་མས་འདོན་སྤྲོད་བྱས་པ་ཡིན།

ཚེས28ཉིན། བོད་ལྗོངས་གནའ་བའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ལྷ་ས་གྲོང་ཁྱེར་ནས་དངོས་སུ་བཙུགས་ཤིང་། ལྷན་ཚོགས་དེ་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི་དམངས་ཁྲོད་ཀྱི་ཆེད་ལས་ནུས་ཤུགས་བསྡུས་ཏེ་གནའ་རྫས་ཞིབ་འཇུག་དང་ལེགས་སྒྲིག་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་གནའ་བའི་རིག་གནས་ཐོན་ཁུངས་ཁྱབ་གདལ་དང་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན།

བོད་ལྗོངས་གནའ་བའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ནི་བོད་ལྗོངས་རིག་རྫས་བསྡུ་ཉར་མཐུན་ཚོགས་མངའ་འོག་གི་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཡིན་ཞིང་། ཞིབ་འཇུག་ལྷན་ཚོགས་ཀྱིས་གྲངས་འཛིན་ཅན་གྱི་རྣམ་པ་ལྟར་པར་མཛོད་དང་། ཡི་གེའི་མཛོད། ཀློག་འདོན་སྒྲོག་སྤེལ་སྟེགས་བུ་འཛུགས་སྐྲུན་བྱས་པ་བརྒྱུད་དེ། རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་ལ་དགའ་ཞེན་ཆེ་མཁན་དང་རིག་གནས་པ་རྣམས་ཀྱིས་དུས་རབས་གསར་བའི་བོད་ལྗོངས་ཀྱི་སྒྱུ་རྩལ་ཞིབ་འཇུག་གྲུབ་འབྲས་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་རྒྱུ་དང་། དུས་ཚོད་གཏན་ཁེལ་བྱས་ཏེ་བོད་ལྗོངས་ཀྱི་གནའ་བའི་རིག་གནས་སྒྱུ་རྩལ་སྐོར་གྱི་འབྲེལ་ཡོད་གླེང་སྟེགས་དང་གསོ་སྦྱོང་སྤེལ་རྒྱུ་ཡིན་པ་མ་ཟད། མང་ཚོགས་རྣམས་ཀྱིས་བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་ལ་རྒྱུས་ལོན་དང་། དགའ་ཞེན་སྐྱེ་བ། སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་སྣེ་ཁྲིད་བྱ་རྒྱུ་ཡིན་ཏེ། བོད་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།