ལུས་རྩལ་འགྲན་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་ཕྲུ་གུ་ཚོས་རྐང་འཁོར་བཞོན་རྩལ་ངོམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ལྷོ་ཁ་ས་ཁུལ་ཚོད་ལྟའི་བྱིས་པ་ཁང་གིས་སྐབས་བཅུ་བཞི་པའི་དགུན་དུས་ཀྱི་ཕ་མ་དང་བུ་ཕྲུག་མཉམ་ཞུགས་ཀྱི་ལུས་རྩལ་འགྲན་ཚོགས་འཚོགས་པ་དང་། འགྲན་རར་ཕྲུ་གུ ༨༠༠ ལྷག་ཙམ་གྱིས་ཁྱིམ་བདག་དང་གཞོགས་འདེགས་དམ་ཟབ་བྱས་ནས་རོལ་རྩེད་ཀྱི་སྤྲོ་སྣང་ལོངས་སྤྱོད་གང་ལེགས་བྱས་པ་རེད།

ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཐོག་ཕྲུ་གུའི་ཁྱད་ཆོས་དང་ནུས་པ་གཞིར་བཟུང་འགྲན་བསྡུར་རྣམ་གྲངས་བདུན་གཏན་འཁེལ་བྱས་ཏེ། མི་སྒེར་གྱི་རྩལ་འགྲན་དང་ཁྱིམ་ཚང་མཉམ་ལས་འགྲན་བསྡུར་སོགས་ཀྱི་རྣམ་པར་བརྟེན་ནས་ཕྲུ་གུ་དང་ཕ་མས་མཉམ་དུ་ལུས་རྩལ་གྱི་དགའ་སྤྲོ་ལོངས་སྤྱོད་བྱེད་པ་མ་ཟད། ཕྲུ་གུ་ཚོའི་འགྲན་བསྡུར་ལ་ཞུགས་པའི་འདུ་ཤེས་དང་། སྒྲིག་སྲོལ་གྱི་འདུ་ཤེས། འགྲན་རྩོད་ཀྱི་འདུ་ཤེས། མཉམ་ལས་ཀྱི་འདུ་ཤེས་བཅས་གསོ་སྐྱོང་ཐུབ་ལ། ཕྲུ་གུ་དང་ཕ་མའི་དབར་གྱི་བརྩེ་དུང་ཡང་ཟབ་ཏུ་ཕྱིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།