འདི་ནི་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་མང་ཚོགས་ལ་ཚོང་ཟོག་གི་སྣ་ཁ་སོགས་འགྲེལ་བཤད་རྒྱག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་ལས་ཀའི་ལྟེ་བར་འཛིན་ནས་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་དང་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་སོགས་ནས་འགོ་བཙུགས་ཏེ་དམངས་འཚོ་ལེགས་སུ་གཏོང་བའི་བྱ་ཐབས་རབ་དང་རིམ་པ་བཏོན་པས། དམངས་འཚོ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་སོགས་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད།

ཉེ་ཆར། ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་མཛུབ་སྟོན་དང་བཀོད་སྒྲིག་ལ་གཞིགས་ནས། ཟོག་གོང་བརྟན་པོ་ཡོང་བ་དང་། མང་ཚོགས་ཀྱི“དུས་ཆེན་གསུམ”རིང་འཚོ་བའི་མཁོ་ཆས་ཉོ་བོའི་དགོས་མཁོ་སྐོང་ཆེད། ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཆེད་མངགས་མཚོ་སྔོན་མཚོ་ལྷོ་ནས་ཚགས་ཤ་དང་ལུག་ཤ་ཏུན270ལྷག་ཙམ་དང་མར་ཏུན30ཉོས་ཤིང་། མིག་སྔར་ལྷ་སའི་ཁྲོམ་རར་དངོས་སུ་ཚོང་འགོ་བཙུགས་ཡོད་ལ། མང་ཚོགས་ཀྱི་གདེང་འཇོག་ཀྱང་བཟང་པོ་ཐོབ་ཡོད། འོན་ཀྱང་རྣ་ཐོས་བརྒྱ་ལས་མིག་མཐོང་གཅིག་དགའ་ཞེས་པའི་དཔེ་ལྟར། དེ་ཡང་རྒྱ་ཆེའི་མང་ཚོགས་ཀྱིས་ཀུང་སི་དེའི་ཚོང་ཟོག་གི་སྤུས་ཀ་དང་། རིན་གོང་། སྣེ་ཁ་སོགས་ལ་སྔར་བས་ཤེས་རྟོགས་ཡོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་སྒོར་སྒོར་གྱི་བཀོད་སྒྲིག་གཞིར་བཟུང་། སྐྱིད་རས་ཁྲོམ་གཞུང་དོན་གཅོད་ཁང་གི་ཧྲུའུ་ཅི་ཡཱ་ཡཱས་གྲོང་མི400ཙམ་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ལྟ་སྐོར་དུ་ཁྲིད་པ་རེད།

ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་སླེབས་རྗེས། ཀུང་སི་དེའི་འགན་འཁུར་མི་སྣས་མང་ཚོགས་ལ་སེམས་རྩ་འཁོལ་པོས་ཀུང་སི་དེ་ནས་ཚོང་ཟོག་གང་འཚོང་གི་ཡོད་མེད་དང་། སྣེ་ཁ་ག་ཚོད་ཡོད་མེད། རིན་གོང་ཇི་ཙམ་ཡིན་མིན། ད་དུང་ཚོང་ཟོག་གང་ནས་འཐེན་གྱི་ཡོད་མེད་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་སྦྲགས། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་བློ་འདྲི་དང་ལེན་ཡང་བྱས་པ་རེད།

སྦྲ་ནག་ཞོལ་སྡེ་ཁུལ་གྱི་གྲོང་མི་འཕྲིན་ལས་ཀྱིས“དེ་རིང་ང་ཚོ་འདི་གར་ལྟ་སྐོར་དུ་ཡོང་ནས། དམངས་ཕན་གྱི་ཤ་དང་། སྣུམ། སྔོ་ཚལ། སྒོ་ང་། འོ་མ། ཐུག་པ། ཤིང་འབྲས། འབྲུ་རིགས་སོགས་དངོས་གནས་གོང་ཁེ་པོ་ཡིན་པ་ཤེས་རྟོགས་བྱུང་། དེར་བརྟེན་ངས་ཏང་དང་སྲིད་གཞུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། བྱེད་སྒོ་དེ་འདྲ་བ་ཡུན་རིང་དང་གང་མང་སྤེལ་རྒྱུའི་རེ་བ་ཡོད”ཅེས་དགའ་སྤྲོའི་ངང་ཤོད་ཀྱི་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནས་འཚོང་བའི་ཚགས་ཤ་སྟོད་ཁོག་ལ་རྒྱ་མ་རེར་སྒོར་26དང་། སྨད་ཁོག་ལ་རྒྱ་མ་རེར་སྒོར29 ལུག་ཤ་རྒྱ་མ་རེར་སྒོར20 མར་རྒྱ་མ་རེར་སྒོར30བཅས་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།