ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་ཁུལ་ཆུང་དུ་ལོ67ལ་སླེབས་པའི་ཚེ་རིང་ཁྱིམ་གྱི་ནང་མི་ཚང་མས་དྲོ་སོབ་སོབ་ཀྱི་ཚོམས་ཆེན་ནང་རུབ་རུབ་བྱས་ནས་བསྡད་དེ་ཕན་ཚུན་ཁ་བརྡ་གློད་བཞིན་ཡོད་པ་རེད།

“རང་བྱུང་སོལ་རླངས་ཀྱི་དྲོད་རླངས་མཁོ་འདོན་སྒྲིག་ཆས་སྒྲིག་སྦྱོར་བྱས་རྗེས་དགོང་མོའང་ཉིན་མོ་ལྟར་དྲོ་བས་རྒན་གཞོན་ཚང་མ་འཁྱག་པའི་སེམས་ཁྲལ་མི་འདུག”ཅེས་ཚེ་རིང་གིས་དེང་དུས་ཀྱི་འཚོ་བར་ཡིད་ཚིམ་པོས་བཤད།

“ལོ་ལྔ་ཚན་བཅུ་གཉིས་པ”ཚུན་དུ་ལྗོངས་ཡོངས་ཀྱི་ནུས་རྒྱུ་ལས་རིགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། ལྷག་པར་དུ“ལ་ཁབ་ང་བར་ས་པར་་མཐའ་མཚམས་ང་དགོས་པ་དང་མཐའ་མཚམས་ང་བར་ན་ལ་ད་བན་ལྷིང་ང་བ་ད་དས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱས་པའི་ཁར“ས་གནས་དེ་གའི་ནུས་རྒྱུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱ་རྒྱུ་དང་ཡུལ་གཞན་གྱི་སྤུས་ལེགས་ནུས་རྒྱུ་འདྲེན་རྒྱུ་གཉིས་གལ་ཆེ་མཉམ་འཇོག་བྱས་ཏེ་ཆུ་གློག་གཙོ་བོར་བྱས་པ་དང་རྡོ་སྣུམ་དང་། སོལ་རླངས། བསྐྱར་སྐྱེས་ནུས་རྒྱུ་བཅས་ཁ་གསབ་ཏུ་བྱས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཅིག་ཆགས་པ་བྱ་རྒྱུ”ལམ་ཕྱོགས་གཙོ་བོར་བཟུང་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་དང་། ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་པ། ནུས་རྒྱུ་སྤྱོད་པའི་མི་དམངས་ཀྱི་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་བ་ལས་བོད་དུ་ནུས་རྒྱུ་གཙང་མ་ཡིས་གཙོ་བོར་བྱས་པའི་ནུས་རྒྱུ་ཐོན་སྐྱེད་མཁོ་སྤྲོད་ཀྱི་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།

རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་རེན་ཅིང་ཏུང་གིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱི་སྤྲོད་མཁོའི་ཐད་དུས་མཚམས་རང་བཞིན་གྱི་དོ་སྙོམས་བྱུང་བ་དང་། ནུས་རྒྱུ་འཛད་སྤྱོད་བྱེད་ཚད་མུ་མཐུད་མཐོ་རུ་ཕྱིན་པ། ནུས་རྒྱུ་མཁོ་སྤྲོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ནུས་རྒྱུ་འཛད་སྤྱོད་གྲུབ་ཆ་རིམ་བཞིན་ལེགས་སུ་ཕྱིན་ཞིང་། (པར་ངོས་གསུམ་པར་གཟིགས)

སྔོན་དཔག་བྱས་ན་2015ལོར་ཚོང་ཟོག་ནུས་རྒྱུ་འཛད་སྤྱོད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་ཁྲི345ཟིན་ནས2010ལོ་ལས75%འཕར་རྒྱུ་དང་ལོ་རེར་ཆ་སྙོམས11.8%འཕར་རྒྱུ། ལྗོངས་ཡོངས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར45.8ཟིན་ནས་ལོ་རེར་ཆ་སྙོམས་17.4%འཕར་རྒྱུ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་གྲངས་འབོར་ཆན་ཝ་ཆུ་ཚོད48ཟིན་ནས་ལོ་རེར་ཆ་སྙོམས18.5%འཕར་རྒྱུ། ནུས་རྒྱུའི་གློག་ཤུགས་ཐེངས་གཅིག་གིས་ཚོང་ཟོག་ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་གྱི42.6%ཟིན་ནས་བརྒྱ་ཆའི་གྲངས10.7མཐོ་རུ་འགྲོ་རྒྱུ། ནུས་རྒྱུ་གཙང་མའི་འཛད་སྤྱོད་བསྡུར་ཚད43.3%ཟིན་ནས2010ལོ་ལས་བརྒྱ་ཆའི་གྲངས11.4མཐོ་རུ་འགྲོ་རྒྱུ། དུས་མཚུངས་སུ་ནུས་རྒྱུ་སྤྱོད་པའི་དམངས་ཀྱི་ཆ་རྐྱེན་མུ་མཐུད་ལེགས་སུ་འགྲོ་རྒྱུ་བཅས་ཡིན་ཞེས་བཤད་པ་རེད།

གློག་ཤུགས་ནུས་རྒྱུའི་རྣམ་གྲངས་གོ་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་གློག་གཏོང་ནུས་མངོན་གསལ་དོད་པོས་མཐོ་རུ་སོང་ཞིང་། དངོས་མ་འཕྲང་ཆུ་ཤུགས་གློག་ཁང་དང་། ཕུ་མདོ་ཆུ་བེད་ལྟེ་གནས། རྫམ་གློག་ཁང་། ཆབ་མདོའི་བབ་བསྟུན་གློག་ཁུངས། མངའ་རིས་ཀྱི་བབ་བསྟུན་གློག་ཁུངས། ནག་ཆུའི་རླུང་གློག དྲ་སྦྲེལ་འོད་ཤུགས་གློག་ཁང་ཆེ་གྲས་ཁག་གཅིག་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱས་ཟིན་པ་དང་། མགོ་མདའ་དང་། རྡོ་སྦུག ཡངས་ཡིད་བཅས་ཀྱི་ས་འོག་ཚ་ནུས་གློག་ཁང་དང་། གྲོང་གསེབ་ཀྱི་ཆུ་ཤུགས་གློག་ཁང་ཁག་གཅིག དེ་བཞིན་དྲ་སྦྲེལ་འོད་ཤུགས་གློག་ཁང་ཆེ་གྲས་བཅས་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། འདི་ལོ་རྡོ་སྦུག་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་དང་པོ་དང་གཉིས་པ་ནས་གློག་གཏོང་འགོ་འཛུགས་རྒྱུ་དང་དེ་བྱིངས་འཕྲུལ་ཚན་གཉིས་ནས་ལོ་མཇུག་ཏུ་གློག་གཏོང་འགོ་འཛུགས་རྩིས་ཡོད་པ། མགོ་མདའ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་ལས་དོན་བདེ་བླག་ངང་སྤེལ་ཞིང་། འཕྲུལ་ཚན་དང་པོ་ནས་ལོ་མཇུག་ཏུ་གློག་གཏོང་རྩིས་ཡོད། སྔོན་དཔག་བྱས་ན་2015ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི230ཟིན་རྒྱུ་དང་། 2010ལོ་ནས136%འཕར་རྒྱུ། རིམ་རྩིས་བྱས་ན་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི132.6མང་དུ་འགྲོ་རྒྱུ་བཅས་རེད།

གློག་དྲ་འཛུགས་སྐྲུན་ཐད་མུ་མཐུད་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། བོད་ཀྱི་དབུས་རྒྱུད་གློག་དྲར་ཆ་མཚོན་ན། ལྷ་ས་བསྐོར་བའི་ཆན་ཕུའུ220ཡི་གདུབ་དྲ་ཞིག་ཆགས་པ་དང་འབྲེལ་གཞིས་རྩེ་དང་ཉིང་ཁྲི་ས་ཁུལ་བར་དུ་སྣུར་སྲིང་བྱུང་བ་དང་། ཆབ་མདོའི་གློག་དྲའི་དྲ་སྒྲོམ་གཙོ་བོ་ནས་གློག་གཏོང་ཚད་ཆན་ཕུའུ110ནས་ཆན་ཕུའུ500བར་མཐོ་རུ་སོང་བ། མངའ་རིས་ཀྱི་གློག་དྲར་ཆ་མཚོན་ན། ཆན་ཕུའུ110ཡི་རྐང་འཛིན་དྲ་སྒྲོམ་ཞིག་བསྐྲུན་པ་བརྒྱུད་ས་ཁུལ་དེ་ཡོངས་ཀྱི་གློག་དྲ་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་བ། ཆན་ཕུའུ་±400ཡི་མཚོ་བོད་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ་ལེགས་གྲུབ་ཟིན་ནས་བོད་ཀྱི་དབུས་རྒྱུད་དུ་གློག་དྲ་ཁེར་སྤྱོད་ཀྱི་ལོ་རྒྱུས་མཇུག་འགྲིལ་བ་དང་གློག་དཀོན་པའི་འགལ་བ་སེལ་བའི་ཐད་ནུས་པ་གལ་ཆེན་ཐོན་པ། ཆན་ཕུའུ500ཡི་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་འཛུགས་སྐྲུན་བྱས་ཟིན་ནས་གློག་གཏོང་འགོ་ཚུགས་ཏེ་ཆབ་མདོར་གློག་དཀོན་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་པ་དང་འབྲེལ་བོད་གློག་ཤར་སྐྱེལ་བགྲོད་ལམ་འཛུགས་སྐྲུན་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་བ། གློག་དྲ་གཙོ་བོ་ཁྱབ་རྒྱ་མུ་མཐུད་ཆེ་རུ་སོང་ཞིང་། སྔོན་དཔག་བྱས་ན། 2015ལོའི་ལོ་མཇུག་ཏུ་སླེབས་སྐབས་གློག་དྲ་གཙོ་བོ་ཁྱབ་རྒྱ2010ལོའི་རྫོང(ཆུས)32ནས་རྫོང(ཆུས)58བར་མང་དུ་འགྲོ་རྒྱུ་དང་། གློག་མཁོ་འདོན་མི་འབོར་ཁྲི163.7ནས་ཁྲི་218བར་མང་དུ་འགྲོ་རྒྱུ། ཁྱབ་འགྱེད་མི་འབོར2010ལོ་ལས33.2%འཕར་རྒྱུ་བཅས་རེད།

ཞིང་འབྲོག་པའི་གློག་སྤྱོད་ཆ་རྐྱེན་མུ་མཐུད་ལེགས་སུ་འགྲོ་རྒྱུ་ཡིན་ཞིང་། གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་ཏེ་གློག་དྲ་དང་ཁྱབ་ཆུང་གློག་དྲ་སྣུར་སྲིང་བྱས་པ་བརྒྱུད་གློག་འདོན་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་དང་། ཞིང་འབྲོག་པའི་གློག་སྤྱོད་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་འགྲོ་རྒྱུ། གློག་ཤུགས་ཡོངས་ཁྱབ་ཞབས་ཞུའི་སྤུས་ཚད་མུ་མཐུད་མཐོ་རུ་འགྲོ་རྒྱུ། གློག་འདོན་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད། སྔོན་དཔག་བྱས་ན། 2015ལོའི་ལོ་མཇུག་ཏུ་སླེབས་སྐབས་ཤང་གྲོང538དང་སྲིད་འཛིན་གྲོང་ཚོ4095རུ་ཁྱབ་རྒྱུ་དང་། གློག་འདོན་དུད་གྲངས་ཁྲི་62.5ཟིན་རྒྱུ། གློག་འདོན་མི་འབོར་ཁྲི་266ཟིན་རྒྱུ། ཤང་དང་། གྲོང་ཚོ། མི་འབོར་བཅས་སུ་ཁྱབ་ཚད77.5%དང་། 74.9% 83.3%བཅས་སོ་སོ་ཟིན་ནས་2010ལོ་ལས14.4%དང་། 12.8% 17.1%བཅས་སོ་སོ་མཐོ་རུ་འགྲོ་རྒྱུ། མི་ཚང་མར་གློག་སྤྱོད་རྒྱུ་ཡོང་བ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་རགས་ཙམ་ཐུབ་རྒྱུ་བཅས་རེད།

གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་ཞིང་། 2014ལོའི་དགུན་དུས་སུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་རང་བྱུང་སོལ་རླངས་ཐོག་མར་གཏོང་འགོ་ཚུགས་པ་དང་ཆབས་ཅིག་འཚོ་བའི་ནང་རང་བྱུང་སོལ་རླངས་སྤྱོད་པའི་གྲོང་མིའི་དགོས་མཁོ་ཡང་བསྐངས་པ་དང་དེ་ནས་བཟུང་དེ་གོང་ལྷ་ས་འདི་ཉིད་རྒྱལ་ནང་གི་རང་བྱུང་སོལ་རླངས་མཁོ་འདོན་དང་དྲོད་རླངས་མཁོ་འདོན་མི་ཐུབ་པའི་ལྟེ་བའི་གྲོང་ཁྱེར་གཅིག་པུ་ཡིན་པའི་ལོ་རྒྱུས་མཇུག་འགྲིལ་ཡོད་ཅིང་། མིག་སྔར་ནག་ཆུ་དང་མངའ་རིས་སུ་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་ལེན་མགྱོགས་པོ་བསྟར་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།