ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རང་ལྗོངས་ཀྱི《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་འཆར་འགོད》ལ་གྲོས་འཆམ་བྱུང་ནས་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་། ཡུལ་སྐོར་ཁྲོམ་ར་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ལག་ཤེས་བཟོ་ལས་རྟེན་གཞི་དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་ཧུར་ཐག་བྱས་ཡོད། ལྷོ་ཁ་ས་ཁུལ་གྱིས་དེ་སྔའི་ཞིང་པའི་མཉམ་ལས་ཁེ་ལས་ཀྱི་རྨང་གཞིའི་སྟེང་མ་དངུལ་སྒོར་ཁྲི300བཏང་ནས་གྲ་ནང་རྫོང་ཉི་འོད་སྣམ་བུ་བཟོ་གྲྭ་བཙུགས་ཤིང་། ད་ལྟའི་བར། བཟོ་གྲྭ་དེར་ལས་མི་བརྒྱ་ལྷག་ཙམ་ཡོད་པ་དང་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི250ཙམ་ཟིན་གྱི་ཡོད་ལ། བཟོ་གྲྭ་བཙུགས་པ་དེས་མཐའ་འཁོར་གྱི་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུར་ཁྲིད་པ་མ་ཟད། ས་ཆ་དེ་གའི་མང་ཚོགས་ཁག་གཅིག་གི་ལས་ཞུགས་གནད་དོན་ཡང་ཐག་གཅོད་ཐུབ་ཡོད་ཅིང་། འདི་ནི་གྲ་ནང་རྫོང་ཉི་འོད་སྣམ་བུ་བཟོ་གྲྭའི་ལས་མིས་སྣམ་བུ་འཐག་པའི་གནས་ཚུལ་ཡིན་པ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།