ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་ཟླ12པའི་ཚེས2ཉིན་གནས་ཚུལ་འབྱོར་གསལ། ཟླ12ཚེས2ཉིན་ནི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཨང་བཞི་པ་ཡིན་པ་རེད། འདི་ལོ“ཉེན་ཡོད་འཁོར་གཏོང་མི་བྱེད་པར་བདེ་འཇགས་དང་ཡ་རབས་ངང་འགྲོ་སྐྱོད་བྱེད”ཅེས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་པོ་སྤྲད་པ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་བརྙན་ལམ་བསྟན་པ་སོགས་བྱ་ཐབས་རབ་དང་རིམ་པར་བརྟེན་ནས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་དང་བདེ་འཇགས་དང་ཡ་རབས་ངང་འགྲོ་སྐྱོད་བྱ་རྒྱུའི་དྲིལ་བསྒྲགས་བྱས་པ་རེད།

བྱེད་སྒོ་སྤེལ་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཉེན་ཡོད་འཁོར་གཏོང་གི་ཁྲིམས་འགལ་ཉེས་གསོག་གནད་དོན་ལ་དོ་ཁུར་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་དང་། འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་གི་དགོངས་དོན་དར་སྤེལ་གཏོང་བ། འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་བྱེད་པའི་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་ཀྱི་ཐོག་ནས་འགྲོ་སྐྱོད་ཀྱི་སྒྲིག་སྲོལ་འདུ་ཤེས་དང་། ཁྲིམས་སྲུང་གི་རང་གཅུན་འདུ་ཤེས། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས། ཡ་རབས་ཀྱི་འགྲིམ་འགྲུལ་འདུ་ཤེས། སྤྱི་པའི་ཀུན་སྤྱོད་འདུ་ཤེས་བཅས་དར་སྤེལ་གཏོང་བ། མྱུར་ཚད་འགྲན་པའི་འཁོར་གཏོང་དང་ཆང་བཏུང་འཁོར་གཏོང་སོགས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་པའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་གཏན་འགོག་བྱ་རྒྱུ་དར་སྤེལ་གཏོང་བ། རླངས་འཁོར་གཏོང་སྐབས་སྤྲོ་ལངས་པ་དང་། ལམ་ཐིག་སྟག་རིས་ཅན་ཐོག་འགྲོ་འོང་བྱེད་མཁན་མི་གཏོང་བ། འཕྲལ་སྡོམ་འཁོར་ལམ་བཟུང་བ་སོགས་ཀྱི་ཉེན་ཡོད་འཁོར་གཏོང་བྱེད་སྤྱོད་བཀག་འགོག་བྱ་རྒྱུ་དར་སྤེལ་བཏང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།