ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་དོན་ཁང་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས“ལས་འགན་ཁག་ལྔ”ལ་གཞིགས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ“འགྱུར་ལྡོག་དྲུག”ཡོང་བར་ཤུགས་སྣོན་ཆེས་ཆེར་བརྒྱབ་པས་བཅའ་སྡོད་གྲོང་ཚོའི་ལས་དོན་གྱི་ཕན་འབྲས་ཆེ་རུ་སོང་ཡོད།

ངོས་འཛིན་ཐད། “འཕྲལ་གྱི་ངོས་འཛིན”ནས“རྒྱུན་གཏན་གྱི་ངོས་འཛིན”དུ་འགྱུར་བར་བྱས་པ། སློབ་སྦྱོང་འཐུས་ཚང་དང་ཚོགས་ཞུགས་ལམ་ལུགས་ལ་བརྟེན་པ་དང་རྨང་བརྟན་དམངས་ཕན་གྱི་ཆ་འཕྲིན་དྲིལ་བསྒྲགས་སྟེགས་བུ་འཛུགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་གྲོང་ཚོར་བཅའ་སྡོད་ལས་དོན་རྒྱུན་རྣམ་ཅན་དུ་འགྱུར་རྒྱུའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་མ་ཟད། རྫོང(ཆུས)ཀྱི་རྨང་བརྟན་དམངས་ཕན་གཞུང་དོན་ཁང་ཁག་ལ་སྐོར་གཡེང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བཅའ་སྡོད་གྲོང་ཚོའི་ལས་དོན་རུ་ཁག་གི་སྒྱིད་ལུག་ཟབ་ཟོབ་ཀྱི་བསམ་བློ་ཁྱད་གསད་དང་མེད་པ་བཟོ་རྒྱུར་མཛུབ་ཁྲིད་ཀྱིས་གནད་དོན་འཚོལ་བ་དང་ཞིབ་འཇུག་ཟམ་མི་ཆད་པར་བྱས་ཏེ་རྨང་བརྟན་དམངས་ཕན་བྱེད་སྒོ་ཕུགས་ཕན་རྒྱུན་རྣམ་དུ་འགྱུར་བ་བྱས་ཡོད།

རྣམ་པའི་ཐད། “ཕྱོགས་རྐྱང་པའི་ལས་སྒྲུབ”ནས“མཉམ་སྡེབ་ངང་ལས་སྒྲུབ”བར་འགྱུར་ལྡོག་བཏང་བ། རྫོང་དང་། ཤང་། གྲོང་ཚོ་བཅས་ཧྲིལ་པོ་འཆར་འགོད་བྱ་རྒྱུར་དམིགས་པ་དང“སྟོབས་ལྡན་ཤང་གིས་གྲོང་ཚོར་སྣེ་འཁྲིད་པའི”བྱེད་སྟངས་འཚོལ་ཞིབ་བྱས་པས་ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་བྱུང་ནས“མིག་མངས་འགྲིག་སྐོར་གཅིག”ཡག་པོ་བརྒྱབ་ཐུབ་ཡོད། ཤང(གྲོང་རྡལ)ཁག་ཁོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ནས་ཏང་འཛུགས་སྐྱོང་དང་། འཕེལ་རྒྱས། བརྟན་ལྷིང་། དམངས་འཚོ་བཅས་ཀྱི་ལས་དོན་ཁག་ཤང(གྲོང་ཚོ)ཁོངས་ཀྱི་གྲོང་ཚོ(གྲོང་ལྷན)སོ་སོར་སྤེལ་འགོ་བཙུགས་ཡོད།

ལས་འགན་ཐད། “ཕྱོགས་ཚང་མར་ཁྱབ་པ”ནས“གཙོ་གནད་ཚད་བརྒལ”བར་འགྱུར་ལྡོག་བཏང་བ། རྨང་བརྟན་དམངས་ཕན་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་འགག་རྩ་དེར་དམ་འཛིན་བྱས་ནས“གྲོང་ཚོའི་ལས་བྱེད་པ་ཁྲིའི་རིག་གནས་བྱང་ཚད་མཐོ་རུ་གཏོང་བའི་འདུ་འགོད”ལག་ལེན་ཧུར་ཐག་བསྟར་བས། ཏང་ཡོན་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་གསོ་སྦྱོང་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་ཐུབ་ཡོད། ཟླ10པའི་ཟླ་མཇུག་བར་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ལ་ཏང་ཞུགས་ཧུར་བརྩོན་ཅན1136གསོ་སྦྱོང་བྱེད་རོགས་བྱས་པ་དང་ཏང་ཡོན་གསར་པ517འཕེལ་རྒྱས་བཏང་བ་། གསོ་སྦྱོང་འཛིན་གྲྭ་དུས་ཐེངས669གཉེར་བར་ཏང་ཡོན་མི་ཐེངས་ཁྲི2.51ལྷག་ཙམ་གསོ་སྦྱོང་ཐུབ་ཡོད།

བྱ་ཐབས་ཐད། “ལས་བྱེད་པ་གྲོང་ཚོར་བཅའ་སྡོད”ནས“ལས་བྱེད་པས་གྲོང་ཚོར་རོགས་རམ་བྱེད་པའི”བར་འགྱུར་ལྡོག་བཏང་བ། ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་དང་ལས་ཀའི་དོན་དངོས་ལ་གཞིགས་ནས་གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་གྲོང་ཚོའི་དཔལ་འབྱོར་དངོས་ཚན་སྟོབས་ཆེར་གཏོང་རོགས་བྱས་ཏེ་གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནང་གནས་སྒུལ་ཤུགས་སྐྱེད་དུ་བཅུག་ཅིང་། ཟླ10པའི་ཟླ་མཇུག་བར་འཕེལ་རྒྱས་གཏོང་ལམ2746འཚོལ་རོགས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཆར་གཞི1909བཟོ་བ་དང་། འཐུས་ཚང་། ལག་བསྟར་བཅས་ཡོང་བ་བྱས་ཡོད།

རྣམ་གྲངས་ཐད། “ཕྱིའི་གཞན་རྟེན”ནས“རྩ་བའི་རང་བརྟེན”བར་འགྱུར་ལྡོག་བཏང་བ། གནད་སྨིན་དབུལ་སྐྱོར་ལས་དོན་ཧུར་ཐག་སྤེལ་ཏེ“གྲོང་ཚོ་རེར་སྤུས་རྟགས་རེ”དང“གྲོང་ཚོ་རེར་ལས་གཏོད་རེ”ཡོད་པ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས“དུས་ཚོད་ཐུང་ལ་མ་དངུལ་གཏོང་ཉུང་བ་དང་ཕན་འབྲས་ཐོན་མགྱོགས་པའི”རྣམ་གྲངས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཤིང་། ཟླ10པའི་ཟླ་མཇུག་བར་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ལ་བྱ་བ་དངོས་བསྒྲུབས་པའི་འགྲོ་སོང་ནས་རྣམ་གྲངས926དོན་འཁྱོལ་དང་མ་དངུལ་སྒོར་ཁྲི3492བཏང་ནས་གྲོང་ཚོའི(གྲོང་ལྷན)མཉམ་སྡེབ་དཔལ་འབྱོར་དངོས་ཚན227དང་མཉམ་ལས་དཔལ་འབྱོར་དངོས་ཚན143འཕེལ་རྒྱས་གཏོང་རོགས་བྱས་ཡོད།

སྤྱོད་ཚུལ་ཐད། “བཙན་གྱིས་ཁ་གཏད་གཅོག་པ”ནས“རང་འགུལ་ངང་བྱ་རིན་ལྡན་པར་བྱེད་པའི”བར་འགྱུར་ལྡོག་བཏང་བ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ་ཏང་ཡོན་གྱི་ཁས་ལེན་དོན་ཐོག་འཁྱོལ་བར་བྱས་པ་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་འདེམས་སྡོམ་གསོ་སྤྱོད་ལེ་ལག་ཚང་བའི་བྱ་ཐབས་འཐུས་ཚང་དུ་བཏང་སྟེ་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བཙན་ཐབས་ནས་རང་འགུལ་དུ་བསྒྱུར་བས། ལས་ཀའི་སྤྱོད་ཚུལ་ལེགས་སུ་ཕྱིན་པ་དང་ཕན་པ་ཆེན་པོ་ཡང་ཐོན་ཏེ་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྤེལ་ཐུབ་པ་བྱུང་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།