ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས1985ལོར་སློབ་གསོའི་“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་པའི་རིང་ལ། ལོ་ངོ30ཡི་རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར80.74བཏང་སྟེ། དུས་མཉམ་ལས་བོད་ལྗོངས་སློབ་གསོའི་དངུལ་གཏོང་སྤྱིའི9.5%ཟིན།

མིག་སྔའི་བར་དུ། བོད་ལྗོངས་ཀྱིས་སྔ་གཞུག་ཏུ“འགན་ལེན་གསུམ”གྱི་ཚད་གཞི་ཐེངས14ལ་ལེགས་སྒྲིག་བྱས་ཤིང་། ད་ལོའི་སྟོན་དུས་ནས་བཟུང་སློབ་མ་རེའི་ལོ་རེའི་ཆ་སྙོམས་ཀྱི་ཚད་གཞི་སྒོར3000ལ་བསླེབས་པ་དང་། 1985ལོའི་དུས་མཉམ་དང་བསྡུར་ན། ཚད་གཞི་དེ་ལྡབ10ཙམ་ཇེ་མཐོར་བཏང་བ་དང་། སྲིད་ཇུས་ཀྱི་འགན་སྲུང་ནུས་ཤུགས་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད།

ད་ལོར། བོད་ལྗོངས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་དེ“འདེམས་གསེས་རང་བཞིན་གྱི་འགན་སྲུང”ནས“ཡོངས་ཁྱབ་རང་བཞིན་གྱི་འགན་སྲུང”དུ་གྱུར་ཡོད་དེ། འགན་སྲུང་ཁྱབ་ཁོངས་ལ་མཐོར་འདེགས་ཆེན་པོ་བྱུང་ཡོད་ཅིང་། 2014ལོ་ཁོ་ནར་སློབ་མ་ཁྲི52.5ལ་ཁེ་ཕན་ཐོབ་པ་དང་། 1985ལོའི་ཁེ་ཕན་ཐོབ་པའི་སློབ་མ་ལས་ལྡབ15ཇེ་མང་དུ་གྱུར་ནས། ཁྱབ་ཚད100%ལ་བསླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།