ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཚན་རྩལ་གཤམ་བསྐྱོད་ལྔ”དང“མཛེས་སྡུག་བོད་ལྗོངས། ཐཱན་དམའ་བའི་བྱ་སྤྱོད”སོགས་ཞིང་ཕྱུགས་ལས་ཐད་ཀྱི་ཚན་རྩལ་དྲིལ་སྒྲོག་བྱ་འགུལ་ཁག་སོ་སོ་ཉེ་བའི་ལོ་འགའི་རིང་བོད་ལྗོངས་སུ་ཁྱབ་གདལ་སྤེལ་བ་དང་། དངོས་སུ་བེད་སྤྱོད་པའི་ལག་རྩལ་ཡིག་ཆ་དང་། ཞིང་རྫས་འགྲེམ་གཏོང་བྱེད་པ་དང་། ཡུལ་དངོས་སུ་འདྲི་རྟོགས་བྱས་པ་བརྒྱུད། རོང་འབྲོག་མང་ཚོགས་ཀྱི་ཚན་རིག་འདུ་ཤེས་ལ་མཐོར་འདེགས་ཆེན་པོ་བྱུང་། ད་ལོའི་རིང་ལ། བོད་ལྗོངས་ཀྱི་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་བའི་བྱ་བར་ཤུགས་བསྣན་ཏེ། བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མུ་མཐུད་དུ་མཐོར་འདེགས་བྱུང་།

2014ལོའི་རིང་ལ། བོད་ལྗོངས་ཀྱི་ཞིང་ཕྱུགས་སྡེ་ཁག་གིས་གཅིག་གྱུར་བཀོད་སྒྲིག་ལྟར། བསྡོམས་པས་གསོ་སྦྱོང་འཛིན་གྲྭ་ཐེངས200ལྷག་སྤེལ་བ་དང་། རོང་འབྲོག་པའི་ཚན་རྩལ་མི་སྣ13700ལ་གསོ་སྦྱོང་བྱས་པ་དང་། རྣམ་གྲངས་གཞན་དག་ལ་བརྟེན་ནས་ལག་རྩལ་མི་སྣ1000གསོ་སྦྱོང་བྱས། ཚན་རྩལ་དཔེ་སྟོན་ཁྱིམ་ཚང8000ལྷག་དང་། ཚན་རྩལ་རྐང་འཛིན་མི་སྣ18། དངོས་སྤྱོད་འཇོན་མི200གསོ་སྦྱོང་བྱས་ཡོད། དེ་དང་ཆབས་ཅིག འཇོན་མི་དང་མཐོ་སློབ་ཞིང་ཕྱུགས་ཆེད་ལས་ཀྱི་མཐར་ཕྱིན་སློབ་མ་གདན་ཞུ་བྱས་ཏེ། ཚན་རྩལ་མི་སྣའི་རུ་ཁག་འཛུགས་སྐྲུན་བྱས།

ད་ལོའི་རིང་ལ། རོང་འབྲོག་ཁུལ་གྱི་ཚན་རྩལ་ཞབས་ཞུ་མ་ལག་ལེགས་སྒྲིག་བྱ་ཆེད། བོད་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི2100བཏང་སྟེ། ལྗོངས་ཡོངས་ཀྱི་རྫོང35ནས་གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་མ་ལག་བཅོས་བསྒྱུར་དང་འཛུགས་སྐྲུན་ཁ་གསབ་རྣམ་གྲངས་ལག་བསྟར་བྱས་ཏེ། གྲོང་རྡལ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་བར། ལྗོངས་ཡོངས་ཀྱི་གྲོང་རྡལ684ཁྲོད་གྲོང་རྡལ353ལ་ཆོག་མཆན་གནང་། སྐོར་ཁག་དང་པོའི་གྲོང་རྡལ74ལ་མ་དངུལ་སྒོར་ཁྲི4625བཏང་སྟེ། ད་ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྩིས་ཡོད། སྐོར་ཁག་གཉིས་པའི་གྲོང་རྡལ279ཁྲོད་གྲོང་རྡལ92ཀྱི་དུས་རིམ་དང་པོའི་ཇུས་འགོད་ལེགས་འགྲུབ་བྱུང་་བ་དང་། གྲོང་རྡལ་སྐོར་ཞིག་གི་ལས་གཞི་ལག་བསྟར་བྱེད་འགོ་བརྩམས།

ད་ལོར་སྐོར་ཁག་དང་པོའི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.2དངོས་འབེབས་བྱས་ཤིང་། ཞིང་ཁྱིམ་ཁྲི9330ལ་དངོས་ཕན་ཐོབ། ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི530ལ་བསླེབས། དུས་ཚིགས་སྔོན་མ་གསུམ་གྱི་རིང་ཞིང་ལས་འཕྲུལ་ཆས་ལ་བརྟེན་ནས་རྨོ་ཞིང་མུའུ་ཁྲི87.33ལེགས་འགྲུབ་བྱུང་བ་དང་། ཞིང་ས་མུའུ་ཁྲི12.4ལ་ལོ་ཏོག་འདེབས་འཛུགས་བྱས་ནས། ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་བདེ་འཇགས་ཐོན་སྐྱེད་གནས་ཚུལ་བརྟན་རླིང་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།