ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་གཏོད་ནུས་ཤུགས་འདོན་སྤེལ་བྱས་ཏེ། སྲིད་གཞུང་གི་བཅོས་སྒྲིག་ནུས་བ་མཐོར་འདེགས་བྱུང་བར་སྐུལ་འདེད་གཏོང་ཆེད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་ལ་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྣམ་གྲངས་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཆ་ཐེངས་གཉིས་ལ་གཤམ་སྤྲོད་བྱས། ཐེངས་དང་པོ་ནི་སྤྱིའི་དངུལ་གཏོང་སྒོར་ཁྲི500མན་གྱི་སྲིད་གཞུང་རང་བཞིན་གྱི་དངུལ་གཏོང་རྣམ་གྲངས་དང་རང་གྲབས་དངུལ་གཏོང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཆ་གཤམ་སྤྲོད་བྱས་ཤིང་། ཐེངས་གཉིས་བར་སྤྱིའི་དངུལ་གཏོང་སྒོར་ཁྲི1500མན་དང་སྒོར་ཁྲི1500ནས་སྒོར་ཁྲི3000བར་གྱི་ལག་རྩལ་དམའ་བའི་སྲིད་གཞུང་གིས་མ་དངུལ་བཏང་བའི་རྣམ་གྲངས་ཀྱི་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཆ་གཤམ་སྤྲོད་བྱས། ཟླ12པའི་ཚེས7ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་ཁྲོད་ལྷ་ས་གྲོང་ཁྱེར་གྱིས་རྣམ་གྲངས109དངོས་འབེབས་བྱས་ཡོད་ཅིང་། དེའི་ཁྲོད་ལྷ་ས་གྲོང་ཁྱེར་གྱིས་རྩ་འཛུགས་དང་ལག་བསྟར་བྱས་པའི་རྣམ་གྲངས81ཡོད་པ་དང་། 2015ལོའི་ཟླ11པའི་ཚེས15ཉིན་བར་དུ་བསྡོམས་པས་དངུལ་གཏོང་སྒོར་དུང་ཕྱུར260.7ལེགས་འགྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།