ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང༌། གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་སྤྱི་ཟླ་དང་པོ་ནས10པ་བར་བོད་ལྗོངས་མཁའ་འགྲུལ་གྱིས་ལྗོངས་ནང་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་ཁྲོམ་རའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་ཚོ102ཟིན་པ་དང་། དེའི་ཐོག་ནས་བོད་ལྗོངས་མཁའ་འགྲུལ་གྱིས་ལོ་གཅིག་ནང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཐེངས་དང་པོར་མི་ཐེངས་ཁྲི་ཚོ100ལས་བརྒལ་བ་དང་བོད་ལྗོངས་དམངས་སྤྱོད་མཁའ་གྲུལ་ཁྲོམ་རའི་མདུན་གྲལ་དུ་སླེབས་པ་མཚོན་གྱི་ཡོད།

བོད་ལྗོངས་མཁའ་འགྲུལ་ནི་སྤྱི་ལོ2011ལོའི་ཟླ7པའི་ཚེས26ཉིན་དངོས་སུ་གཉེར་སྐྱོང་བྱས་པ་ཞིག་རེད། དུས་ཡུན་ལོ་བཞི་ལྷག་ཙམ་ནང་འཕུར་སྐྱོད་བདེ་འཇགས་བྱུང་བས་ཀུང་སིར་སྐྱེལ་འདྲེན་གནམ་གྲུ15ཡོད་པ་དང་། དེ་དག་གི་འཕུར་སྐྱོད་ལམ་ཐིག33ཡོད་ཅིང་བོད་ནང་ཁུལ་གྱི་གནམ་གྲུ་ཐང་ཆེ་གྲས5ཚང་མར་ཁྱབ་ཟིན་པ་མ་ཟད་མཁའ་འགྲུལ་ལམ་ཐིག་དེ་གྲེན་ཏུའུ་དང་ཧྲང་ཧེ། ཧྲེང་ཀྲེན། པེ་ཅིང་སོགས་རྒྱལ་ནང་གི་གྲོང་ཁྱེར་གཙོ་བོར་ཁྱབ་ཡོད། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་སྤྱི་ལོ 2016ལོར་རྒྱལ་སྤྱིའི་མཁའ་འགྲུལ་ལམ་ཐིག་ཤར་གཏོང་ཐུབ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད་མ་འོངས་པའི་ལོ་ལྔའི་ནང་ཀུང་སི་དེའི་གནམ་གྲུ40ནས50བར་མང་དུ་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།