ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས10ཉིན། ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང༌། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏིང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ནི་ཕྱོགས་ཡོངས་བཞི་ཞེས་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ནང་གི་བླང་བྱ་གལ་ཆེན་ཞིག་དང༌། ཁྲིམས་ལྟར་བོད་སྐྱོང་བའི་ཞིབ་ཕྲའི་མངོན་ཚུལ་ཞིག གོང་འཕེལ་མགྱོགས་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་གལ་ཆེའི་འགན་སྲུང་ཞིག་བཅས་རེད།

སྤྱི་ལོ2020ལོར་སླེབས་སྐབས་གཞི་རྩའི་ཆ་ནས་ཁྲིམས་སྐྱོང་སྲིད་གཞུང་སྐྲུན་ཐུབ་པ་བྱེད་དགོས་པས་དུས་ཚོད་ཐུང་ལ་ལས་འགན་ལྩི་པོ་ཞིག་ཡིན། ལྟེ་བའི་ལས་དོན་དང་བསྟུན་མཁས་པའི་ཁར་འགལ་ཟླ་གཙོ་བོ་དམ་འཛིན་དང་ལས་ཀའི་གཙོ་གནད་མངོན་ཆེར་འཛིན་ཏེ། ཁྲིམས་སྐྱོང་འཁོར་ལམ་ཐོག་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་འགན་ནུས་ལ་འགྱུར་བ་གང་མགྱོགས་གཏོང་དགོས་པ་དང༌། སྲིད་གཞུང་གི་ཁྲིམས་འཛུགས་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པ། སྲིད་གཞུང་གི་ཁྲིམས་ལྟར་ཇུས་འགོད་ལམ་སྲོལ་འཐུས་ཚང་བཟོས་ཐོག་ཁྲིམས་ལུགས་ཀྱི་བློ་འདྲིའི་ལམ་ལུགས་ལག་བསྟར་ཧུར་ཐག་བྱེད་དགོས་པ། སྲིད་འཛིན་ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན་བཟོ་དགོས་པ། སྲིད་འཛིན་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལྷག་པར་དུ་ནོར་སྲིད་དང་ལྟ་ཞིབ། བརྩིས་བཤེར་སོགས་ལ་ཆེད་དོན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཁྲིམས་ལྟར་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བའི་ཆུ་ཚད་མཐོ་རུ་བཏང་ནས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

བློ་བཟང་རྒྱལ་མཚན་ནས་རིམ་ཁག་ཚན་པ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། ཁྲིམས་སྐྱོང་སྲིད་གཞུང་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར་མུ་མཐུད་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། འགོ་ཁྲིད་ཀྱི་སྒྲིག་གཞི་དང་ལས་ཀའི་ལམ་སྲོལ་འཐུས་ཚང་འཛུགས་པ། ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྲུན་ཤུགས་ཆེ་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གོམ་པ་རིམ་བགྲོད་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས། སྤྱི་ལོ2020ལོར་སླེབས་སྐབས་གཞི་རྩའི་ཆ་ནས་ཁྲིམས་སྐྱོང་སྲིད་གཞུང་སྐྲུན་ཐུབ་པའི་དམིགས་ཚད་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།