ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མ་དངུལ་སྒོར་ཁྲི3000བཏང་བའི་བོད་ལྗོངས་གནའ་བོའི་ཚྭ་ཞིང་རིག་དངོས་སྲུང་སྐྱོབ་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ལས་གཞི་ད་ལྟ་དངོས་སུ་སྐྲུན་འགོ་བཙུགས་ཟིན་པ་རེད། དེའི་ཐོག་ནས་ལོ་ངོ་སྟོང་གི་ཇ་རྟའི་གནའ་ལམ་གྱི་གལ་ཆེའི་གནས་རྟགས་ཏེ་བོད་ལྗོངས་གནའ་བོའི་ཚྭ་ཞིང་ལ་ཚན་རིག་དང་མཐུན་པའི་རྒྱུན་འཛིན་དང་སྲུང་སྐྱོབ་ཐུབ་རྒྱུ་མཚོན་ཡོད་པ་རེད།

 ཟླ་ཆུ་རྒྱུགས་ཁུལ་གྱི་ཆབ་མདོ་སྨར་ཁམས་རྒྱུད་ཀྱི་བ་ཚྭའི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང༌། ཐང་རྒྱལ་རབས་ནས་བཟུང་མི་རྣམས་ཀྱིས་གཙང་པོའི་ངོགས་གཉིས་ཀྱི་ཚྭ་ཞིང་ནང་ཚྭ་སྐམ་སྲོལ་ཡོད་པ་ལོ་རྒྱུས་ཐོག་བཀོད་ཡོད། ཇ་རྟའི་གནའ་ལམ་ཐོན་རྗེས་ཉེ་འཁོར་གྱི་ཟི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཀྱིས་ས་ཆ་དེ་གའི་ཚྭ་ཐོན་སྐྱེད་བྱེད་རྒྱུ་དེ་འཚོ་རྟེན་དུ་བྱེད་ཀྱི་ཡོད་པས་རིམ་བཞིན་ས་ཆ་དེ་གལ་ཆེའི་ས་ཚིགས་ཤིག་ལ་འགྱུར་བ་རེད།

 ཆབ་མདོ་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུད་ཀྲང་གཡུང་དྲུང་ཟླ་བས། གནའ་བོའི་ཚྭ་ཞིང་གི་ཁོར་ཡུག་བཅོས་སྒྲིག་ལས་གཞིར་མ་དངུལ་ཕོན་ཆེན་བཏང་བ་དང༌། ལས་གཞིའི་གྲས་སུ་གཞི་ཁྱོན་ཆེ་བའི་ས་གཤིས་ཀྱི་གནོད་འཚེ་ཐག་གཅོད་དང་ཚྭ་ཞིང་གི་བ་ཚྭའི་ཆུ་རྫིང་ཉམས་བཟོ་སོགས་ཚུད་ཡོད། ཆེད་ལས་ཉམས་བཟོ་ཚོགས་པས་ལས་གཞིའི་རྒྱུད་རིམ་ཧྲིལ་པོར་རིག་དངོས་ཀྱི་གདོད་མའི་རྣམ་པར་འགྱུར་ལྡོག་མི་གཏོང་བའི་རྩ་དོན་ལ་སྲུང་བརྩི་ནན་པོ་ཞུས་ཏེ། གནའ་བོའི་ཚྭ་ཞིང་གི་ཉམས་སྣང་མངོན་གང་ཐུབ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།