ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྐོར་གླེང་སྐབས། སྟག་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞུའི་ཧྲན་ཧྥུང་གིས་དེ་ནི་ཕྱོགས་གཅིག་ནས་མི་སེམས་འགུལ་འོས་པ་ཞིག་དང་ཕྱོགས་གཞན་ཞིག་ནས་ཕྲག་ཏུ་འགན་འཁྲི་ལྕི་པོ་ཡོད་པའི་མྱོང་ཚོར་འདུག་ཅེས་གསུངས་པ་དང་། ཁོང་ནས། ཚོགས་འདུ་དེ་གཉིས་ཀྱིས་བོད་ལྗོངས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སླར་ཡང་ཁ་ཕྱོགས་གསལ་སྟོན་དང་འགུལ་ཤུགས་ཆེན་པོ་སྦྱིན་ཡོད་པས། ང་ཚོས་ལས་དོན་ཁག་སྒྲུབ་པར་གལ་ཆེའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

གོང་གི་ཚོགས་འདུ་གལ་ཆེན་ཁག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཇི་ལྟར་བྱེད་དགོས་མིན་གྱི་ཐད་ཞུའི་ཧྲན་ཧྥུང་ནས། སྟག་རྩེ་རྫོང་གིས་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་བསྟུན་རྒྱུ་རྒྱུན་འཁྱོངས་བྱས་ཐོག་སྣེ་འདྲེན་ཁེ་ལས་དང་རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་མཉམ་འབྲེལ་གྱི་འཕེལ་རྒྱས་རྣམ་པའི་ཐོག་ནས་ཁེ་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་དང་བེད་སྤྱོད་མཁས་པོ་བྱས་ནས། ལམ་ཆུ་གློག་གསུམ་ཤར་གཏོང་ཐུབ་པ་བྱེད་རྒྱུས་གཙོ་བོ་བྱས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་རྒྱུ། གོང་འཕེལ་ཆེན་པོ་ཡོང་བའི་འགུལ་ཤུགས་དང་འདེགས་སྐྱོར། གསོན་ཤུགས་བཅས་མུ་མཐུད་ཆེ་རུ་གཏོང་རྒྱུ། རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་བྱས་ཐོག་ལོ་ལྔ་ཚན་བཅུ་གཉིས་པའི་མཇུག་བསྡུའི་ལས་དོན་ཡག་པོ་སྒྲུབ་པ་དང་། ལོ་ལྔ་ཚན་བཅུ་གསུམ་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་སྒྲིག་སྲོལ་ལས་དོན་མགྱོགས་པོ་སྤེལ་རྒྱུ། སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཨང་དང་པོར་འཇོག་པ་དང་སྐྱེ་ཁམས་གསར་གཏོད་ལས་ཀར་སྐུལ་སྤེལ་ཧུར་ཐག་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་མཐའ་ཚད་བརྟན་པོ་སྲུང་སྟེ། རྒྱུན་མཐུད་གོང་འཕེལ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལས་བབས་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོའི་ཁྱབ་ཁོངས་ལ་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་མགྱོགས་པོ་གཏོང་བ། སྤྱི་ཚོགས་འགན་སྲུང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་དང་ལས་ཞུགས། སློབ་ཞུགས། རྒན་གསོ། བདེ་སྡོད་སོགས་དམངས་འཚོའི་འགན་སྲུང་ཆུ་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱེད་རྒྱུ།

གཞན་ཡང་། ཕྱོགས་ཡོངས་ནས་ཏང་གི་བསམ་བློ་དང་རྩ་འཛུགས། སྤྱོད་ཚུལ། ལམ་ལུགས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཐོག་འཇོན་ཐང་དང་འགུལ་ཤུགས། མངའ་ཁོངས་ཀྱི་ས་ཆ། འཐབ་ས་སོགས་འགག་རྩའི་ཕྱོགས་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་བྱས་ཏེ་གཞི་རིམ་གྱི་རྩ་འཛུགས་དང་སྲིད་དབང་འཛུགས་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།