ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པའི་ཚོགས་པའི་ལས་གྲྭ་བཞི་པའི་ཚད་ཡོད་ཀུང་སི་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། ཀུང་སི་དེས་འགན་གཅང་བླངས་པའི་ཚ་ལ་དཀར་པོའི་བཟོ་གྲྭ(རྒྱལ་ལམ317)ནས་མཚོ་གཉིས་རྫོང་གྲོང་བར་གྱི་གཞུང་ལམ་སྒྱུར་བཀོད་ལས་གྲྭ་མིག་སྔར་སྔོན་གཏན་འཁེལ་བའི་ཨར་ལས་ཀྱི་ཇུས་འགོད་ལྟར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

“ཚ་ལ་དཀར་པོའི་བཟོ་གྲྭ་ནས་མཚོ་གཉིས་བར་གྱི་གཞུང་ལམ”བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆགས་པས། ས་བབ་མཐོ་ཚད་སྨི5000ཙམ་ཟིན་པ་དང་ས་ཆ་ཁག་གཅིག་ལ་ལོ་མང་གངས་གསོག་ཐེབས་ཡོད། ལས་གྲྭའི་སྤུས་ཚད་འགན་ལེན་བྱ་ཆེད་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་མཚོ་གཉིས་རྫོད་ཨུད་དང་རྫོང་སྲིད་གཞུང་གིས་ཚོགས་འདུ་ཐེངས་མང་འཚོགས་ནས་ཨར་ལས་ལ་ཕྲད་པའི་དཀའ་གནད་ལ་ཞིབ་འཇུག་བྱས་པ་དང་འབྲེལ་རོགས་རམ་དང་ཐག་གཅོད་བྱེད་གང་ཐུབ་བྱས་ཡོད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པའི་ཨར་ལས་མི་སྣས་ལ་དུག་སོགས་ལ་མི་སྐྲག་པར་ཟླ་གཉིས་ལྷག་ཙམ་རིང་རྣམ་གྲངས་པུའུ་གནས་ས་ཚད་གཞི་ཅན་འཛུགས་སྐྲུན་དང་། གནས་སྐབས་ལམ་ཆུང་སོགས་ཀྱི་ཨར་ལས་ལས་འགན་ལེགས་སྒྲུབ་བྱས་པ་མ་ཟད། ལམ་གཞིའི་ཨར་ལས་རུ་ཁག་གསུམ་གྱིས་ལམ་གཞིའི་ས་རྡོ་རྒྱ་དཔངས་གྲུ་བཞི་མ་ཁྲི16.3དབོར་བ་དང་ལམ་ངོས་སྤྱི་ལེ15.4གཙང་མ་བཟོས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།