ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས1ཉིན་གསར་འགོད་པས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། བོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་སྒྲིག་ཆས་ཆེས་སྔོན་ཐོན་གྱི་འཁྱག་རྫས་སྡེབ་ཚོང་ཁྲོམ་ར་ཉེ་དུས་ལྷ་སར་སྤྱོད་འགོ་ཚུགས་པ་དེས། གྲོང་མིའི“ཤ་ཚལ་སྒོང”གསུམ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་བོད་ཀྱི་ཤ་རིགས་སོགས་འཚོ་བའི་མཁོ་ཆས་མཁོ་སྤྲོད་ཡུན་རིང་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

རྣམ་གྲངས་ཀྱི་འགན་འཁུར་བ་བོད་ལྗོངས་ཤིས་ཧའེ་གྲང་ཕྲེང་ཟོག་འགྲེམས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལེ་ཀྲུའུ་ཆིང་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ནི་ཤ་རིགས་དང་། ཆུའི་ཐོན་རྫས། བཏུང་བྱ་གྲང་མོ་གྲང་ཉར་ཉོ་ཚོང་། སྔོ་ཚལ་དང་ཀྭ་རིགས་དང་ཤིང་ཏོག་འཁྱག་ཉར་ཉོ་ཚོང་། འཚོ་བའི་མཁོ་ཆས་མཛོད་ཁང་དུ་ཉོ་ཚོང་སོགས་གཅིག་ཏུ་བསྡུས་པའི་ཉོ་ཚོང་ཁྲོམ་ར་ཆེ་གྲས་ཡིན་པ་དེར་ཤོང་ཚད་ཏུན་ཁྲི་4ཟིན་ནས། བོད་ཀྱི་འཁྱག་རྫས་འཛད་སྤྱོད་ཁྲོམ་རའི་ལོ་5ནས་8བར་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་ཅེས་བཤད།

“འཁྱག་མཛོད་བསྐྲུན་པ་དེས་མཁོ་སྤྲོད་བྱེད་ཚད་དང་ཁྲོམ་རའི་རིན་གོང་འཕར་ཆག་ཆེ་བར་སྙོམས་སྒྲིག་ནུས་ལྡན་བྱུང་ནས། བོད་ཀྱི་མི་སེར་གྱི་བཟའ་བཅའི་རྒྱུ་ཆའི་གདམ་ག་མང་དུ་བཏང་ཡོད” ཀྲུའུ་ཆིང་ཡུང་གིས་རྣམ་གྲངས་དེས་ཚབས་ཆེའི་རང་བྱུང་གནོད་འཚེ་དང་། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་བཅས་ལ་ཁ་གཏད་གཅོག་པ་དང་། ཐོལ་བྱུང་དོན་རྐྱེན་གཞན་དག་གིས་རྐྱེན་པས་ཁྲོམ་ར་བརྟན་པོ་མེད་པ་དང་། ཁྲོམ་རའི་སྙོམས་སྒྲིག་ཚོད་འཛིན་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།