ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱས་པ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་ལྟེ་བའི་གནས་བབ་སྔར་བས་འདོན་སྤེལ་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱས་ཡོད། རྣམ་གྲངས་ཁག་ལྷ་ས་གྲོང་ཁྱེར་དུ་བདེ་བླག་ངང་ལག་ལེན་བསྟར་བ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་ཕྱོགས་སྒྱུར་ལ་སྐུལ་འདེད་བརྟན་པོ་ཐུབ་ནས་སྤུས་ཚད་དང་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྣམ་གྲངས་ཁྱོན109ལྷ་ས་གྲོང་ཁྱེར་དུ་རེ་རེ་བཞིན་དོན་འཁྱོལ་བྱས་པའི་ནང་ལྷ་ས་གྲོང་ཁྱེར་གྱིས་རྣམ་གྲངས81སྒྲིག་འཛུགས་ལག་བསྟར་བྱས་པ་དང་། ལས་རིགས་སྡེ་ཚན(རྣམ་གྲངས་ཚན་པ)གྱིས་ལྷ་ས་གྲོང་ཁྱེར་དུ་རྣམ་གྲངས28སྒྲིག་འཛུགས་ལག་བསྟར་བྱས་པ། རྣམ་གྲངས་བཀའ་འཁྲོལ་རྗེས་ལྷ་ས་གྲོང་ཁྱེར་གྱིས་རྣམ་གྲངས་ཆུང་གྲས1004ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར310.6བཏང་ཡོད་པ་བཅས་རེད།

འདི་ལོའི་ཟླ11ཚེས15ཉིན་བར་མ་དངུལ་སྒོར་དུང་ཕྱུར260.7བཏང་བ་དེས་ལྷ་ས་གྲོང་ཁྱེར་གྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི་རྣམ་གྲངས་མ་འཇོག་གི84%བཟུང་བའི་ནང་རྣམ་གྲངས755ལས་མཇུག་འགྲིལ་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར225.55བཏང་བ་དེས་ལྷ་ས་གྲོང་ཁྱེར་གྱིས་སྒྲིག་འཛུཌ་ལག་བསྟར་བྱས་པའི་རྣམ་གྲངས་མ་འཇོག་གི72.62%བཟུང་བ་དང་། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས162ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར79.45བཏང་བ་དེས་ལྷ་ས་གྲོང་ཁྱེར་གྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི་རྣམ་གྲངས་མ་འཇོག་གི25.58%བཟུང་བ་དང་། མ་འཇོག་སྒོར་དུང་ཕྱུར35.15ལེགས་གྲུབ་བྱུང་ཡོད།

 2015ལོར་ལྷ་ས་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཚད་སྔོན་དཔག་ལྟར་ན་ཏུན་ཁྲི18ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ཏུན་ཁྲི0.84ཡིས་མང་དུ་ཕྱིན་པས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལོར་ཆ་སྙོམས0.96%འཕར་བ་དང་། གྲོང་ཁྱེར་རིམ་པའི་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས28དང་སྐྱེད་སྲིང་བྱ་ཡུལ་ཁེ་ལས10འཕེལ་རྒྱས་བཏང་བས་ལོའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར6.64ཟིན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལོར་ཆ་སྙོམས10.1%འཕར་བ། ཞིང་པའི་ཆེད་ལས་མཉམ་ལས་ཁང601ལ་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར3.18བྱུང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལོར་ཆ་སྙོམས1.17%མང་དུ་སོང་བ་བཅས་རེད།

གྲོང་གསེབ་ཀྱི་འཐུང་ཆུ་གཙང་མ་དང་། ཞིང་ནང་ཆུ་བེད་ཆུང་གྲས། ནས་ཐོན་སྐྱེད་རྟེན་གཞི། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་སོགས་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་བས་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་པ་དང་དེང་རབས་ཞིང་འབྲོག་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

2015ལོར་ལྷ་ས་གྲོང་ཁྱེར་གྱིས་སྔོན་དཔག་ལྟར་ན་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་ཀྱི་གནས་འཕར་རིན་ཐང་སྒོར་དུང་ཕྱུར48ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ1.09འཕར་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལོར་ཆ་སྙོམས13.5%འཕར་ཡོད།

2015ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1019ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར136བྱུང་བ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡོང་འབབ་ལོ་ལྔ་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ལྷག་དོན་དུ་ཡུལ་སྐོར་ཡོང་འབབ་ཀྱིས་གྲོང་ཁྱེར་ཡོངས་ཀྱི་GDPཡི་བསྡུར་ཚད་བཟུང་ཚད20%རྒྱུན་མཐུད་ངང་རྒྱུན་འཁྱོངས་ཐུབ་ནས་ཡུལ་སྐོར་ལས་རིགས་དེ་ཉིད་གྲོང་ཁྱེར་ཡོངས་ཀྱི་ཀ་རྟེན་ཐོན་ལས་ཨང་དང་པོར་གྱུར་བ་དང་འབྲེལ་ལོ་རེ་བཞིན་འཕར་བའི་རྣམ་པ་མངོན་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།