ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་དགོངས་དོན་དང་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ནས། 《བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་འཕེལ་རྒྱས་འཆར་གཞི(2011ལོ་ནས་2015ལོ་བར)》ནང་གསལ་པོར་བཏོན་པའི“ཁྲིམས་སྲོལ་སྲིད་ཇུས་ཀྱི་ཕོ་མོ་འདྲ་མཉམ་ལ་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ”ཡི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་ཆེད། ལྗོངས་ཡོངས་ཀྱི་ཁྲིམས་སྲོལ་སྲིད་ཇུས་ཀྱི་ཕོ་མོ་འདྲ་མཉམ་གྱི་ཚོད་སྐོར་ལས་དོན་སྤེལ་འགོ་འཛུགས་པའི་ཚོགས་འདུ་ཚེས10ཉིན་ལྷ་སར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བདེ་སྐྱིད་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྲོལ་སྲིད་ཇུས་ཀྱི་ཕོ་མོ་འདྲ་མཉམ་གྱི་ཚོད་སྐོར་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་འགོའི་མིང་ཐོ་དང《རང་སྐྱོང་ལྗོངས་ཀྱི་ཁྲིམས་སྲོལ་སྲིད་ཇུས་ཀྱི་ཕོ་མོ་འདྲ་མཉམ་གྱི་ཚོད་སྐོར་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི(བསམ་འཆར་བསྡུ་ལེན་མ་ཟིན)》ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད། བསམ་འཆར་བསྡུ་ལེན་མ་ཟིན་ནང་ལས་དོན་སྒྲིག་གཞི་དང་རིགས་གཅིག་མཁས་པའི་མཛོད་གསར་འཛུགས་དང་། ལས་ཀའི་འགན་འཁྲི་གསལ་བཟོ། ཚོད་སྐོར་ཁྱབ་ཁོངས། ནང་དོན། བརྒྱུད་རིམ། གྲོན་དངུལ་འགན་ལེན་སོགས་ལས་དོན་གྱི་སྒྲིག་སྲོལ་ཐད་ལ་ཁྲིམས་སྲོལ་སྲིད་ཇུས་ཀྱི་ཕོ་མོ་འདྲ་མཉམ་གྱི་ཚོད་སྐོར་ལས་དོན་ལམ་སྲོལ་འཛུགས་རྒྱུའི་བསམ་འཆར་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།