སྤྱི་ཟླ༡༢པའི་ཚེས༡༡ཉིན། བོད་སྐད་གློག་བརྙན་གྱི་བསྒྱུར་བཟོའི་ལས་དོན་སྤེལ་ནས་ལོ་ངོ་ ༥༠ འཁོར་བ་དང་བོད་སྐད་གློག་བརྙན་གྱི་བསྒྱུར་བཟོའི་ཞིབ་བསྡུར་ཚོགས་འདུ་ལྷ་སར་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་ལྗོངས་ཀྱིས་སྤྱི་ལོ ༡༩༦༥ ལོ་ནས་བཟུང་བོད་སྐད་གློག་བརྙན་གྱི་བསྒྱུར་བཟོའི་ལས་དོན་སྤེལ་བ་དང་། ད་བར་རིགས་ཁག་གི་གློག་བརྙན ༢༠༠༠ ལྷག་ཙམ་དང་མུ་འབྲེལ་བརྙན་འཕྲིན་འཁྲབ་ཚན ༥༠ ལྷག་ཙམ་བསྒྱུར་བཟོ་བྱས་ཤིང་། གྲོང་ཁྱེར་གྲངས་འཛིན་གློག་བརྙན་ཁང་ ༦ བསྐྲུན་ཡོད་པ་དང་ལོའི་གློག་བརྙན་པཱ་སེ་བྲིན་ཚོང་བྱེད་ཚད་སྒོར་ཁྲི ༥༠༠༠ ཟིན་གྱི་ཡོད། རང་ལྗོངས་ཀྱི་བོད་སྐད་གློག་བརྙན་བསྒྱུར་བཟོའི་ལས་དོན་གྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ལྟ་འདོད་པ་དང་ལྟ་ཤེས་པ་སོགས་ཀྱི་གློག་བརྙན་གྱི་དགོས་མཁོ་བསྐངས་ཐུབ་ཡོད། ད་ཆ་རང་ལྗོངས་སུ་བོད་སྐད་གློག་བརྙན་བསྒྱུར་བཟོའི་ཆེད་ལས་ཚོགས་པ ༤༠ ཡོད་པ་དང་། གློག་བརྙན་བསྒྱུར་བཟོ་དང་འགྲེམས་སྟོན་བྱེད་རྒྱུ་གྲངས་གཞི་ཅན་དུ་མངོན་འགྱུར་ཐུབ་ཡོད། ལྗོངས་ཡོངས་ཀྱི་གཞི་རིམ་དུ་གློག་བརྙན་སྟོན་མཁན་རུ་ཁག ༤༧༨ ཡོད་པ་དེ་དག་གིས་གྲོང་གསེབ་གློག་བརྙན་གྲངས་གཞིའི་སྟེགས་བུ་བརྒྱུད་བསྒྱུར་བཟོ་བྱས་པའི་བོད་སྐད་གློག་བརྙན་སོགས་ཚུད་པའི་རིགས་ཁག་གི་གློག་བརྙན་མངག་ཉོ་དང་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ ༥༤༠༠ ལྷག་ཙམ་དང་དགོན་སྡེ ༡༧༠༠ ལྷག་ཙམ་ལ་གློག་བརྙན་སྟོན་པར་སྐྱོད་ཀྱི་ཡོད་པ་རེད།  །

བོད་ལྗོངས་གློག་བརྙན་ཀུང་སིའི་ལས་དོན་པས་གློག་བརྙན་བསྒྱུར་བཟོ་བྱེད་བཞིན་པ།

བོད་སྐད་གློག་བརྙན་བསྒྱུར་བཟོའི་མི་རབས་དང་པོའི་ལས་དོན་མི་སྣ།

བོད་ལྗོངས་གློག་བརྙན་ཀུང་སིའི་གཞོན་སྐྱེས་ལས་དོན་པས་གློག་བརྙན་སྒྲ་འཇུག་བྱེད་བཞིན་པ། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།