ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤར་དུ་བོད་ཀྱི་འགྲེམས་ཁང་དང་། རང་བྱུང་ཚན་རིག་འགྲེམས་སྟོན་ཁང་དང་། ལྷོ་རུ་གཡག་རྟེན་མཛོད་གླིང་། ནུབ་ཏུ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་ནོར་བུ་གླིང་ཁ། དབུས་སུ་བོད་བཞུགས་ཨམ་བན་གནའ་ཤུལ་འགྲེམས་སྟོན་ཁང་སོགས་ལས་ད་ལོའི་རྒྱལ་སྟོན་དུས་ཆེན་རིང་ནག་ཆུར་ལས་ཀ་བྱེད་མཁན་དབྱང་ཞའོ་ཏན་དང་ཁོང་གི་ནང་མི་རྣམས་ལྷ་སར་ལྟ་སྐོར་ལེགས་པར་བྱུང་བ་རེད།

འགྲེམས་སྟོན་ལ་བལྟ་བར་འགྲོ་རྒྱུ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གོ་མེད་ཚོར་མེད་ངང་བོད་པ་ཚོའི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་ཤས་སུ་གྱུར་ལ་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཡུལ་སྐོར་བ་ཚོས་གདམ་ག་བྱེད་དགོས་ངེས་ཀྱི་རྣམ་གྲངས་ཤིག་ཏུའང་གྱུར་ཡོད།

དེ་སྔོན་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་སོགས་མཛུབ་རྩིས་རྒྱག་ཐུབ་པའི་འགྲེམས་ཁང་འགའ་ཞིག་ལས་མེད་པ་དང་། ད་ཆ་རིག་གནས་དར་རྒྱས་ཆེ་མོ་དང་འཕེལ་རྒྱས་ཆེ་མོའི་འཕེལ་ཕྱོགས་འོག་སྲིད་གཞུང་དང་ཁྲོམ་ར་ཕྱོགས་གཉིས་ཀྱིས་དམ་འཛིན་དང་། ཕྱི་ཤུགས་དང་ནང་ཤུགས་མཉམ་བསྲེས་བྱས་པ་བརྒྱུད་ཁྱད་ལྡན་འགྲེམས་ཁང་ཁག་གཅིག་ཆར་རྗེས་མྱུ་གུ་འབུས་པ་བཞིན་དུ་ཐོན་ནས་ཕྱོགས་བསྡུས་རིགས་དང་ཆེད་དོན་རིགས་ཕན་ཚུན་གསབ་རེས་དང་། ས་ཁོངས་རང་བཞིན་དང་བང་རིམ་ཡོད་པའི་སྤྱི་འདོམས་འཆར་འགོད། རིག་གནས་སྤེལ་རེས་དང་ཐོན་ལས་འཕེལ་རྒྱས་མཉམ་བསྲེས་གཏིང་ཟབ་བཅས་བྱེད་པའི་ཁྱད་ལྡན་འགྲེམས་ཁང་གི་མ་ལག་ཅིག་སྤྱིར་ན་ཆགས་པ་རེད།

དབྱང་ཞའོ་ཏན་གྱིས“དེ་སྔོན་འགྲེམས་ཁང་མང་པོ་མེད་ཁར་རིགས་ཀྱང་རྐྱང་པ་ཡིན་པར་བརྟེན་འགྲེམས་ཁང་ལ་བལྟ་རིན་དེ་ཙམ་མེད། ད་ཆ་འགྲེམས་ཁང་མང་དུ་ཕྱིན་པ་མ་ཟད་བལྟས་རྗེས་བོད་ཀྱི་མི་ཡིན་པའི་སྤོབས་སེམས་ཀྱང་སྐྱེས་ཀྱི་འདུག”ཅེས་བཤད།

“བོད་ཀྱི་ཁྱད་ཆོས་ལྡན་པའི་འགྲེམས་ཁང་སྣ་ཚོགས་ཀྱིས་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་སོང་བ་མ་ཟད་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས་བྱེད་རིང་བོད་ཀྱི་རིག་གནས་གདེང་ཚོད་དང་རིག་གནས་རང་རྟོགས་སྔར་བས་ཆེ་རུ་ཕྱིན་པ་དང་བོད་ཀྱི་རིག་གནས་སྔར་བས་འཕེལ་རྒྱས་ལེགས་པར་གཏོང་བར་གསོན་ཤུགས་གསར་པ་སྦྱིན་ཡོད”ཅེས་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས་བཤད།

བོད་ཀྱི་ད་ཡོད་འགྲེམས་ཁང་ནང་ཆེད་ལས་ཡིན་ལ་ཚད་ལྡན་ཡང་ཡིན་པའི“རྒྱལ་ཁབ་རུ་ཁག”དང་། བོད་སྐྱོར་མ་འཇོག་རྣམ་གྲངས། ཁྱད་ལྡན་ཐོན་ལས་དང་ཁེ་ལས་ཀྱིས་གསར་གཏོད་བྱས་པ། རིག་གནས་ལས་རིགས་མི་སྣས་སྐུལ་འདེད་བཏང་བ། སྒྱུ་རྩལ་འཚོལ་ཞིབ་ལམ་བུའི“སྐར་གསར”གྱིས་གྲབས་འཛུགས་བྱས་པ་བཅས་ཡོད་ལ་རིག་དངོས་ཉར་ཚགས་ལ་དབྱིངས་ཞུགས་པའི་ཞིང་འབྲོག་པའང་ཡོད་པ་རེད།

“འགྲེམས་སྟོན་ཁང་དེ་འཛུགས་པའི་དམིགས་ཡུལ་ནི་མི་དེ་བས་མང་བས་དངོས་པོ་དེ་དག་བརྒྱུད་བོད་ཀྱི་འོད་སྟོང་འཕྲོ་བའི་རིག་གནས་མྱོང་ཚོར་ཐུབ་པའི་ཆེད་དུ་ཡིན། རང་ཉིད་ཀྱིས་ད་དུང་འགྲེམས་སྟོན་ཁང་དེ་མལ་གྲོ་གུང་དཀར་རྫོང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་སྟེགས་བུ་ཞིག་ཏུ་གཏོད་རྩིས་ཡོད”ཅེས་རིག་དངོས་ཉར་ཚགས་ཀྱི་ལོ་རྒྱུས་ལོ30དང་འགྲེམས་སྟོན་ཁང་བཙུགས་པའི་ལོ་རྒྱུས་ལོ17ཡོད་པའི་ད་ཆ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ལུང་གཞུང་ཆོས་འབྱོར་གནའ་རབས་དམག་ཆས་འགྲེམས་སྟོན་ཁང་གི་ཀོན་ཀྲང་ཡིན་པའི་ཞིང་པ་ཆོས་འབྱོར་གྱིས་བཤད།

ཉི་མ་ཚེ་རིང་གིས་རྟེན་རྫས་བཤམས་མཛོད་ཁང་དང་འགྲེམས་སྟོན་ཁང་འཛུགས་སྐྱོང་བྱས་པ་དེ་རིག་གནས་ཀྱི་འཇམ་ཤུགས་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་ཟབ་ཏུ་གཏོང་ཆེད་རེད། ང་ཚོས་སྣ་མང་རིག་གནས་ཀྱི་སྲུང་སྐྱོང་པ་བྱེད་དགོས་ལ་རིག་གནས་སྤེལ་རེས་དང་ཐོན་ལས་མཉམ་བསྲེས་ཀྱི་བརྒྱུད་སྤེལ་བའང་བྱས་ནས་དེ་ནི་འགྲོ་ཕྱོགས་གཙོ་བོའི་རིན་ཐང་གི་མཐོ་ས་གསར་པ་དང་རིག་གནས་ལ་བརྟེན་ནས་དམངས་ལ་ཁེ་ཕན་བསྐྲུན་རྒྱུའི་གཡུལ་ས་གསར་པར་འགྱུར་བ་བྱེད་དགོས་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།