ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་སྐོར་ལམ་ཐིག་ཕུན་སུམ་ཚོགས་སུ་གཏོང་ཆེད་བོད་ལྗོངས་ཡུལ་སྐོར་ཚན་པས་ཉེ་ཆར་ཡུལ་སྐོར་བར“དགུན་དུས་བོད་དུ་ཡུལ་སྐོར་བྱེད·ཁྲུང་ཁྲུང་སྐེ་ནག་དང་མཉམ་དུ་རོལ”ཞེས་པའི་བྱ་རིགས་ལ་ལྟ་བའི་ལམ་ཐིག་དངོས་སུ་བཏོད་པ་རེད།

ལོ་ལྟར་གྱི་དགུན་དུས་བོད་ཀྱི་གནམ་གཤིས་དྲོ་པོ་ཡོད་པ་དང་ནས་དང་གྲོ་དང་དེ་བཞིན་སྤང་རྩྭའི་རྩ་བ་སོགས་འབོར་ཆེན་འཕྲོ་ལུས་ཡོད་པས་ཁྲུང་ཁྲུང་སྐེ་ནག་ལ་ཟས་འཚོལ་བ་དང་འཚོ་སྡོད་ཀྱི་ཆ་རྐྱེན་བཏོད་ཡོད། དེར་བརྟེན་ལོ་ལྟར་གྱི་ཟླ་བ10པའི་ཟླ་དཀྱིལ་ནས་བཟུང་ཁྲུང་ཁྲུང་སྐེ་ནག་ལེ་དབར་སྟོང་གི་ས་ནས་བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོ་དང་། ལྷ་ས་སྐྱིད་ཆུ། མྱང་ཆུ་བཅས་འབབ་རྒྱུད་དུ་དགུན་སྒྲོལ་དུ་ཡོང་གི་ཡོད།

ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་བརྟེན། ལྟ་རིན་ཆེན་པོ་ཡོད་པའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད་པ་དང་། གྲོག་རོང་དང་ཞིང་ཁར་རྟག་ཏུ་ཁྲུང་ཁྲུང་སྐེ་ནག་མཐོང་རྒྱུ་ཡོད་པས་དགུན་དུས་ཀྱི་ས་མཐོའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། དེར་བརྟེན་འདི་ལོའི་དགུན་ཁར་ཡུལ་སྐོར་བར“དགུན་དུས་བོད་དུ་ཡུལ་སྐོར་བྱེད·ཁྲུང་ཁྲུང་སྐེ་ནག་དང་མཉམ་དུ་རོལ”ཞེས་པའི་ཉིན་བཞི་དང་མཚན་གསུམ་གྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཅིག་བཏོད་ཡོད་ཅེས་བཤད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།