ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱི་ས་ཁང་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ནས་ཁེ་ལས་འཕེལ་རྒྱས་གནས་ཚུལ་དང་ཡང་ན་གསར་སྤེལ་འཛུགས་སྐྲུན་བྱས་ཚུལ་སོགས་གང་གི་ཐད་ནས་ཀྱང“ལོ་ལྔ་ཚན་བཅུ་གཅིག་པ”དང་བསྡུར་ན་འབོར་ཚད་ཇེ་མང་དང་སྤུས་ཀ་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

ཁེ་ལས་འཕེལ་རྒྱས་ཐད། ལྗོངས་ཡོངས་སུ་ས་ཁང་བདག་ཁོངས་ཐོ་འགོད་བྱས་པའི་ཁེ་ལས་སྣ་ཚོགས239ཟིན་པ་དེ2010ལོ་དང་བསྡུར་ན75%འཕར་བ་དང་། ས་ཁང་ཐོན་ལས་སུ་ལས་ཀ་བྱེད་མཁན་མི2300ལྷག་ཙམ་ཟིན་པ་དེ2010ལོ་དང་བསྡུར་ན་ལྡབ་གཅིག་འཕར་ཡོད་པ་རེད།

གསར་སྤེལ་འཛུགས་སྐྲུན་ཐད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་སུ་ས་ཁང་བདག་ཁོངས་གསར་སྤེལ་བྱེད་མཁན་ཁེ་ལས་136ཡོད་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་ལས66%འཕར་བ་དང་། འཆར་གཞིའི་མ་འཇོག་སྒོར་དུང་ཕྱུར321ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་ལས4.4%འཕར་བ། གསར་སྤེལ་འཛུགས་སྐྲུན་བྱས་པའི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི1174ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་ལས་ལྡབ2.9དང“ལོ་ལྔ་ཚན་བཅུ་གཉིས་པའི”སྔོན་དཔག་དམིགས་ཚད་ལས95.75%འཕར་བ། མ་དངུལ་སྒོར་དུང་ཕྱུར148.33བཏང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་ལས་ལྡབ1.9དང“ལོ་ལྔ་ཚན་བཅུ་གཉིས་པའི”སྔོན་དཔག་དམིགས་ཚད་ལས44%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།