ཀྲུང་གོ་བོད་ཀྱི་དྲ་བ་འཕྲིན། བོད་ལྗོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པའི་ཆེད་ལས་ཅན་དང་ལས་རིགས་ཅན་གྱི་བྱང་ཚད་མཐོར་འདེགས་བྱ་ཆེད། ཉེ་ལམ། གུང་གཞོན་ཚོགས་པའི་བོད་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་སློབ་གསོ་ཐིན། བོད་ལྗོངས་ལོ་ཆུང་གདུང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི2015ལོའི་བོད་ལྗོངས་ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་དང་སྐབས་གཉིས་པའི་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པའི་ཆེད་ལས་ནུས་རྩལ་འགྲན་བསྡུར་ལྷ་ས་ནས་སྤེལ་བ་རེད།

ཐེངས་འདིའི་གསོ་སྤྱོང་དུས་ཡུན་ཉིན4ལ་སྤེལ་རྒྱུ་ཡིན་ཞིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ནས་ཡོང་བའི་ལོ་ཆུང་གདུང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་དང་། གཞི་རིམ་གྱི་གདོང་ལེན་རུ་ཁག་གི་རོགས་ཁྲིད་པའི་འཐུས་མི་བསྡོམས་པས་མི60གསོ་སྦྱོང་ཁྲོད་ཞུགས། གསོ་སྦྱོང་སྐབས་སུ། རྒྱལ་ཡོངས་ནས་ཡོང་བའི་ཆེད་མཁས་པ་དང་རིག་གནས་བ་གྲངས་ཅན་ཏེ་ཧྭ་ཡའོ་གོ་དང་། ཀྲའོ་གོ་ཆིང་། ཞེ་ཕིན་སོགས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་དང་གནས་ཐིག་གཏན་ཁེལ་ལ་དམིགས་ནས། ཏང་ཀྲུང་དབྱང་གི་བཟོ་ཚོགས་དང་གུང་གཞོན་ཚོགས་པའི་བྱ་བའི་ཚོགས་འདུའི་དགོངས་དོན་ལ་འགྲེལ་བཤད་རྒྱག་པ་བཅས་ཀྱི་ཕྱོགས་ནས་འཆད་ཁྲིད་གནང་བར་བརྒྱུད་དེ། ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ་རྣམས་ཀྱིས་གནས་བབ་གསར་བའི་འོག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་ལས་འགན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། བྱ་བའི་འདུ་ཤེས་དང་ཐབས་ལམ་སྔོན་ཐོན་ཁོང་དུ་ཆུད་དགོས་པར་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།