ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས13ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་བརྒྱད་པའི་སྟེང་ཤེས་གསལ་ལྟར་ན། 2014ལོའི་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཐེངས་དང་པོར་ཏུན་ཁྲི100ལས་བརྒལ་ཏེ་ཏུན་ཁྲི101ལ་སླེབས་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་བསྐྲུན་ཡོད་ལ། དེའི་ཁྲོད་ནས་ཀྱི་ཐོན་འབོར་ཏུན་ཁྲི70ལྷག་ཡོད་པ་དེའི་བོད་ལྗོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱས།

བོད་ལྗོངས་ཞིང་ཕྱུག་ཐིན་གྱི་ཐིན་ཀྲང་རྡོ་རྗེས་བཤད་རྒྱུར2015ལོར་བོད་ལྗོངས་ཀྱིས་འབྲུ་རིགས་འདེབས་པའི་ས་ཁྱོན་ཇེ་ཆེར་བཏང་བ་དང་། སོན་བཟང་འདེབས་པའི་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་བྱས་ཏེ། ཚན་རྩལ་གྱིས་འབྲུ་རིགས་འཕེལ་བའི་རྣམ་གྲངས་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པས་འབྲུ་རིགས་ཐོན་ཚད་ལོ་རྒྱུས་ལས་བརྒལ་བར་སྐུལ་སྤེལ་བྱས། 2015ལོར་བོད་ལྗོངས་ཁུལ་ཡོངས་ཀྱི་འབྲུ་རིགས་འདེབས་པའི་ས་ཁྱོན་མུའུ་ཁྲི255ལས་བརྒལ་ལ། དེའི་ཁྲོད་ནས་འདེབས་པའི་ས་ཁྱོན་མུའུ187ལས་བརྒལ་འདུག དེ་མིན་མུའུ་རེའི་ཆ་སྙོམས་ཀྱི་ཐོན་སྤེལ་སྤྱི་རྒྱ26.5ཡིན་པའི“བོད་ནས2000” ཡི་ས་བོན་གསར་བ་ཁྱབ་གདལ་དུ་བཏང་བའི་ས་ཁྱོན་མུའུ་ཁྲི76.9ལ་སླེབས་པ་དེའི་ནས་ཀྱི་ཐོན་ཚད་བརྟན་རླིང་ངང་འཕར་སྣོན་བྱུང་བར་ཁག་ཐེག་བྱས་ཡོད་ཟེར།

བོད་ལྗོངས་ཀྱིས་ད་དུང་མུ་མཐུད་དུ་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ལ་ཤུགས་སྣོན་བྱས་ནས་ཞིང་བར་འབྲུ་རིགས་འདེབས་པར་ཧུར་བརྩོན་བྱེད་སེམས་སྐྱེས་སུ་བཅུག 2013ལོར་བོད་ལྗོངས་ཀྱི་ནས་སོན་བཟང་ཀྱི་ཁ་གསབ་རོགས་དངུལ་སྔོན་ཆད་ཀྱི་མུའུ་རེར་སྒོར15རེ་ནས་མུའུ་རེར་སྒོར20རེ་ལ་འཕར་བ་དང་། སོན་འདེབས་ཞིང་བའི་ཁ་གསབ་རོགས་དངུལ་ཡང་མུའུ་རེར་སྒོར15རེ་ནས་མུའུ་རེར་སྒོར30རེ་ལ་འཕར ། ཞིང་བའི་ཕྱོགས་བསྡུས་ཁ་གསབ་རོགས་དངུལ2011ལོའི་མུའུ་རེར་སྒོར15རེ་ནས་མུའུ་རེར་སྒོར27.87རེ་བར་གོང་ཏུ་འཕེལ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།