ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས13ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་རྨང་བརྟན་དམངས་ཕན་གྱི“5+3”གྱི་ལས་དོན་གོ་སྐབས་སུ་བརྩིས་ནས“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྔ་རྗེས་སུ་གཏིང་ཟབ་སྤེལ་ཏེ། གྲོང་ཚོ(གྲོང་ལྷན)ཡོངས་སུ་ཁྱབ་པ་དང་། དུད་ཚང་ལ་འབྲེལ་བ་བྱེད་པ། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་གྲོང་ཚོ(གྲོང་ལྷན)ཚང་མར་ལས་ཁུངས་སྡེ་ཚན་གྱི་འབྲེལ་བ་བྱེད་མཁན་ཡོད་པ་དང་དབུལ་པོའི་དུད་ཚང་ཚང་མར་ལས་ཁུངས་ཀྱི་ལས་བྱེད་པའི་རོགས་སྐྱོར་ཐོབ་པ། ཏང་ཡོན་ལས་བྱེད་པ་ཚང་མར་འབྲེལ་གཏུག་བྱ་ཡུལ་ཡོད་པ་བཅས་བྱས་ཡོད།

གཞིས་རྩེ་གྲོང་ཁྱེར་གྱི་ཚན་པ་ཁག་གིས་ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་འགོ་ཁྲིད་ཨང་དང་པོའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་དེ་ལོ་འཁོར་གྱི་ལས་ཀའི་དམིགས་ཚད་ལས་འགན་ནང་བཅུག་ནས་དཔྱད་ཞིབ་བྱས་ཏེ་གོང་ནས་འོག་བར་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱེད་པ། རིམ་པ་སོ་སོས་དོན་ཐོག་ཏུ་འཁྱོལ་བའི་ལས་ཀའི་རྣམ་པ་ཞིག་ཆགས་ཏེ་བྱེད་སྒོར་གསོན་ཤུགས་ལྡན་པ་དང་། གོ་རིམ་ལྡན་པ། ནུས་པ་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་མ་བཏང་ཡོད། མང་ཚོགས་ལ་རོགས་སྐྱོར་བྱ་རྒྱུའི་ཐད་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག དབུལ་པོའི་ཚོགས་སྤྱིའི་རིགས་མི་འདྲ་བར་གཞིགས་ནས་དུས་ཐུང་དང་། དུས་འབྲིང་། དུས་རིང་བཅས་ཀྱི་རོགས་སྐྱོར་འཆར་འགོད་བཟོས་པ་དང་རོགས་སྐྱོར་རྣམ་གྲངས་བཟོས་ནས་དབུལ་པོའི་ཚོགས་སྤྱི་རྦད་དེ་དབུལ་སྒྲོལ་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་བརྟག་ཞིབ་སྙན་ཞུ6060དང་ས་གནས་ས་ཐོག་ཏུ་ལས་ཀ་ཉིན15360བྱས་ཡོད་པ་རེད།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞིང་ནང་མུ་ཁར་བསྐྱོད་པ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ། “གདོང་གཏུག”དང“ལྟག་སྤྲོད”དང་། “ཁག་གཅིག་གིས་ཉན་པ”དང“མཉམ་དུ་གླེང་བ”ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ་དང་། མང་ཚོགས་ཀྱིས་དོ་ཁུར་དང་སེམས་ཁྲལ་བྱེད་པའི་གཙོ་གནད་དང་དཀའ་གནད་གསལ་རྟོགས་ཐུབ་པ་མ་ཟད། དུས་ཐོག་ཏུ་ཕྱོགས་སྡོམ་དང་གསེད་བཀྲོལ་བྱས་པ་རེད། མིག་སྔའི་བར་ཁྱོན་བསམ་འཆར་དང་གྲོས་འགོ་9579འབྱོར་ཡོད་པ་རེད། ཚན་པ་དེ་རང་གི་གྲོང་ཚོར་བཅའ་སྡོད་བྱ་ཡུལ་གྱི་ཁྱིམ་ཚང་དབུལ་པོར་བསྐྱོད་དེ་མ་དངུལ་སྤྲོད་པ་དང་། ལག་རྩལ་སློབ་པ། ཆ་འཕྲིན་མཁོ་འདོན་བྱེད་པ་བཅས་བྱས་ནས་དཀའ་ངལ་དངོས་སེལ་རོགས་བྱས་པ་རེད། གམ་པ་གྲོང་རྡལ་གཞིས་ཀ་གྲོང་ཚོར་བཅའ་སྡོད་གམ་པ་རྫོང་དམངས་སྲིད་ཚན་རྩལ་ཀྲི་པུའི་ལས་དོན་རུ་ཁག་གིས་དམངས་སྲིད་ཀྱི་ཐབས་ལམ་བརྒྱུད་ཆ་སྒྲིག་དུད་ཚང་3གྱི་ནང་མི་གཞིས་རྩེ་གྲོང་ཁྱེར་དུ་ཤིང་བཟོ་དང་། ལྷ་བྲིས། ཞིང་འཕྲུལ་བཟོ་བཅོས་སོགས་ཀྱི་ལག་རྩལ་སློབ་སྦྱོང་བྱེད་པར་བཏང་ནས་རོགས་སྐྱོར་བྱ་ཡུལ་གྱི་ལས་ཞུགས་ནུས་པ་མཐོ་རུ་བཏང་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་དུད་ཚང10744དང་རོགས་སྐྱོར་ཆ་སྒྲིག་བྱས་ཏེ་དོན་དངོས14224བསྒྲུབས་པ་དང་མ་དངུལ་སྒོར་ཁྲི2198.3བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།