ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”སྐབས་སུ། ལྷ་སའི་གྲོང་རྡལ་སྡོད་དམངས་ཀྱིས་བཀོལ་སྤྱོད་བཏང་ཆོག་བའི་ཡོང་སྒོ2010ལོའི་སྒོར16567ནས2014ལོའི་སྒོར23057ལ་འཕར་བ་དང་། 2010ལོ་དང་བསྡུར་ན39.2%འཕར་སྣོན་བྱུང་ནས། ལོ་རེར་ཆ་སྙོམས་སུ8.6%འཕར་ཡོད་པ་རེད།

གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་གྲོང་རྡལ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཛུགས་རྒྱུ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་བྱེད་པ། ལས་ཞུགས་སྟོངས་ཁྱིམ་སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། གྲོང་རྡལ་སྡོད་དམངས་ཀྱི་ལས་ཞུགས་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། བཀོལ་སྤྱོད་བཏང་ཆོག་བའི་ཡོང་སྒོ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཚད་ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།