འདི་ནི་ཆབ་མདོ་མགོ་རྡོག་ཆུ་ཤུགས་གློག་ཁང་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མགོ་རྡོག་ཆུ་ཤུགས་གློག་ཁང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁོངས་ཀྱི་རྫ་ཆུའི་འགྲམ་དུ་གནས་པ་དང་། ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར38.33བཏང་ནས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི16.5ཟིན་པ་དེ་བོད་ཀྱི་རྫམ་གློག་ཁང་རྗེས་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་ཨང་གཉིས་པ་དེ་རེད། ཧྭ་ནེང་མགོ་རྡོག་ཆུ་ཤུགས་གློག་ཁང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏོན་ཁྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་གསུམ་གྱི་འཛུགས་སྐྲུན་བྱས་པ་བརྒྱུད་གློག་ཁང་དེའི་འཕྲུལ་ཙུའུ་ཐོག་མ་ཟླ་འདིའི་ཟླ་མཇུག་ཏུ་འཁོར་སྐྱོད་བྱ་རྒྱུ་ཡིན་ཞིང་། དེས་ཆབ་མདོ་གྲོང་ཁྱེར་གྱི་ཐོན་སྐྱེད་དང་འཚོ་བའི་ཐད་གློག་དཀོན་པའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད། ཚོད་རྩིས་བྱས་ན། སང་ལོའི་ཟླ་དྲུག་པར་གློག་གཏོང་འཕྲུལ་ཙུའུ་བཞི་ཡོངས་རྫོགས་འཁོར་སྐྱོད་ཐུབ་རྒྱུ་ཡིན་པ་དང་། སྐབས་དེ་དུས་ལོར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར8.319ཟིན་ནས་ས་གནས་དེ་གའི་གློག་དཀོན་པའི་གནད་དོན་ཐག་གཅོད་དཔྱིས་ཕྱིན་པ་ཐུབ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།