ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་རྒྱུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ཁྲིམས་སྐྱོང་སྲིད་གཞུང་དང་། ཁྲིམས་སྐྱོང་སྤྱི་ཚོགས། ཁྲིམས་སྐྱོང་བོད་ལྗོངས་བཅས་གཞི་གཅིག་ཏུ་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་འགན་ནུས་སྒྱུར་མགྱོགས་སུ་གཏོང་བ་དང་། སྲིད་གཞུང་གི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་སྲིད་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབ་པ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱས་ཡོད།

སྲིད་འཛིན་དོ་དམ་བྱ་ཐབས་སྔར་བས་འགྱུར་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ།

ཞབས་ཞུ་ལེགས་གཏོང་སོགས་སྲིད་གཞུང་གི་འགན་ནུས་འགྱུར་བའི་བླང་བྱ་རབ་དང་རིམ་པ་དོན་འཁྱོལ་བྱས་ནས་སྲིད་འཛིན་ཞིབ་མཆན་གྱི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔར་ལྗོངས་ཡོངས་སུ་སྲིད་འཛིན་ཞིབ་མཆན་རྣམ་གྲངས397རང་སོར་བཞག་པ་དེ2013ལོ་དང་བསྡུར་ན་རྣམ་གྲངས398ཁུ་བསྡུ་བྱས་པ་དང་ཁུ་བསྡུ་བྱེད་ཚད50%ཟིན་པ་དང་རང་སྐྱོང་ལྗོངས་རིམ་པའི་ཞིབ་མཆན་རྣམ་གྲངས457ཉུང་དུ་ཕྱིན་པ་དང་ཁུ་བསྡུ་བྱེད་ཚད66%ཟིན་ཡོད།

སྲིད་གཞུང་གི་ཁྲིམས་འཛུགས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཅིང་། སྒྱུར་འཕེལ་བརྟན་གསུམ་གྱི་དགོས་མཁོ་གཞིར་བཟུང་ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་རྣམ་གྲངས་ཐད་འཆར་གཞི་བཟོས་པ་དང་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་། དམངས་འཚོ་ལེགས་གཏོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་མངོན་པ་བྱས་པ་དང་འབྲེལ2012ལོ་ནས་བཟུང་རང་སྐྱོང་ལྗོངས་སྲིད་གཞུང་གི་སྒྲིག་སྲོལ་དོན་ཚན20བཟོས་པ་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ཟིན་དོན་ཚན16ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། དུས་མཚུངས“གསར་འཛུགས་དང་། བཟོ་བཅོས། དོར་བ། འཆད་འགྲེལ”བཅས་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྒོ་ཀུན་ནས་གཙང་བཤེར་བྱས་ཡོད།

སྲིད་འཛིན་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ཞིང་། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་དང་སྲིད་འཛིན་ཁྲིམས་འཛིན་ནོར་བའི་འགན་འཁྲི་བདའ་འདེད་སོགས་ཀྱི་ལམ་ལུགས་བཟོས་པ་དང་ཚད་ལྡན་དུ་བཏང་བ་དང་འབྲེལ་སྲིད་འཛིན་ཁྲིམས་འཛིན་མི་སྣའི་ཐོབ་ཐང་དོ་དམ་དང་། ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་རྒྱུ་ལག་བསྟར། ཁྲིམས་འཛིན་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པར་བརྟེན་ཁྲིམས་འཛིན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

སྲིད་འཛིན་བསྐྱར་གྲོས་ནུས་པ་སྔར་བས་འདོན་སྤེལ་བྱས་ཤིང། སྲིད་འཛིན་བསྐྱར་གྲོས་ལས་དོན་ཚད་ལྡན་ཅན་དུ་འགྱུར་རྒྱུའི་ལག་བསྟར་ཇུས་གཞི་བཟོས་པ་དང་འབྲེལ་ལག་བསྟར་བྱས་ཁར། 2012ལོ་ནས་ད་བར་སྲིད་འཛིན་བསྐྱར་གྲོས་གྱོད་གཞི156བསྒྲུབས་པར་བརྟེན་འགལ་བ་དང་རྩོད་གཞི་ཐག་གཅོད་ནུས་ལྡན་བྱུང་བ་མ་ཟད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་ཐེབས་ཡོད།

ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ལུགས་ལས་དོན་ཁོངས་གཏོགས་ཀྱིས་ཁྲིམས་ལྟར་བོད་སྐྱོང་གི་རྩ་དོན་གལ་ཆེན་གཞིར་བཟུང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་མ་ལག་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས《ས་མཚམས་ལས་སྒྲོལ་ནས་ཏཱ་ལའི་རུ་ཚོགས་ཀྱི“དུས་འཁོར་དབང་ཆེན”སོགས་ཁ་ཕྲལ་དང་གཏོར་བཤིག་བྱེད་སྤྱོད་ནང་ཞུགས་རྒྱུ་གཏན་འགོག་ནན་པོ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས》དང《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ལ་དོ་དམ་བྱ་རྒྱུའི་བྱ་ཐབས》སོགས་སྒྲིག་སྲོལ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་མཐའ་སྐྱོང་བོད་བརྟན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། རང་བྱུང་གནོད་འཚེ་ཚབས་ཆེན་དང་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད། སྲིད་ཇུས་ཁྲིམས་སྲོལ་གྱི་དོགས་གནད་སེལ་བའི་ལས་དོན་སྤེལ་ནས་རྗེས་འཇུག་ལས་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། སྲིད་གཞུང་གི་ཐབས་ཇུས་ལ་དུས་ཐོག་ཏུ་བཅའ་ཁྲིམས་བློ་འདྲི་དང་ཞབས་འདེགས་ཞུས་ནས་སྲིད་གཞུང་གི་ཐབས་ཇུས་ལ་ལུགས་མཐུན་ཁྲིམས་མཐུན་དང་གཞི་འཛིན་ས་ཡོད་པའི་འགན་ལེན་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།