0.jpg

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཡི་ཤེས་ནུས་དྲོད་ཁང་དུ་ལས་བྱེད་མི་སྣས་ལོ་ཏོག་གི་གནས་ཚུལ་ལྟ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མཐོ་སྒང་གི་སྐྱེ་ལྡན་ཞིང་ཕྱུགས་ལས་རྨང་གཞི་རུ་བཟུང་ནས། སྔོན་ཐོན་ལག་རྩལ་ཇེ་ལེགས་སུ་གཏོང་བ་དང་སྲོལ་རྒྱུན་ཞིང་ཕྱུགས་ལས་མཐོར་འདེགས་བྱེད་པ་གཙོ་གནད་དུ་བཟུང་སྟེ། མཐོ་སྒང་གི་སྐྱེ་ལྡན་བདེ་ཐང་ཟས་རིགས་དང་། སྤྲོ་གསེང་གནས་སྐོར་སོགས་ས་གཙང་བདེ་ཐང་ཐོན་ལས་གསར་སྤེལ་བྱེད་པར་ཤུགས་བསྣན་ནས། མཐོ་སྒང་གི་དེང་རབས་ཞིང་ལས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གསར་བ་འཚོལ་ཞིབ་བྱས་པར་བརྒྱུད་དེ། ས་གནས་དེའི་རོང་འབྲོག་མང་ཚོགས་རྣམས་ལ་ཐོན་ཁུངས་ཁོར་ཡུག་ལས་ཐོབ་པའི་སྐྱེ་ཁམས་ཁེ་འབབ་ལོངས་སུ་སྤྱོད་དུ་བཅུག

རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4.54བཏང་ནས། བསྡོམས་པས་ས་གཙང་བདེ་ཐང་ཐོན་ལས་རྣམ་གྲངས15ལག་བསྟར་བྱས་ཤིང་། དེ་ལས་མང་ཚོགས་ཁྱིམ་ཚང4930ཡི་མི14947ལ་དངོས་ཕན་ཐོབ། ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་སུ་ཡོང་སྒོ་སྒོར6000ཇེ་མང་དུ་སོང་བ་དང་། མི་རེར་ལོ་རེར་ཆ་སྙོམས་སུ་ཡོང་སྒོ་སྒོར2000ཇེ་མང་དུ་སོང་ནས། ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་བྱུང་བ་དང་མང་ཚོགས་ཡོང་སྒོ་འཕར་བའི་གཉིས་ཕན་རྣམ་པ་མངོན་འགྱུར་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།