ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་རྦད་དེ་ཁྱབ་ཐུབ་པ་བྱུང་བའི་རྨང་གཞིའི་ཐོག་མི་སྣ་ཁྱབ་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་རྒྱལ་ཡོངས་སུ་ལས་དོན་ཁག་ཆུ་ཚད་ཅུང་ལེགས་ཙམ་དུ་གནས་པ་དང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་བྱུང་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ལ་སྤྱི་འདོམས་བྱ་རྒྱུ་དེ་ཞིབ་ཕྲའི་ལག་བསྟར་དུས་མཚམས་སུ་སླེབས་ཡོད། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》

 འཕྲལ་མར་ཞིབ་འཇུག་བྱས་ནས་བཏོན་ཏེ2014ལོའི་ཟླ7ཚེས1ཉིན་ནས་བཟུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་ཁག་གཉིས་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱ་རྒྱུར་གཏན་འཁེལ་གྱིས་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་བཙུགས་ཡོད། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་བཙུགས་ཏེ་གཅིག་གྱུར་བྱས་པ་དང་བསྟུན་ནས་རང་ལྗོངས་སུ་ལས་བཟོའི་རྒན་གསོ་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་གྱི་གཞི་རྩའི་ལམ་ལུགས་སྟེགས་བུ་ཆེན་པོ་གཉིས་ཆགས་པ་དང་། ལམ་ལུགས་དེ་གཉིས་ནང་ཁྱོན་མི་ཁྲི156ཞུགས་པ་དང80%ཡན་གྱི་ལོ་ཚད་རན་པའི་མི་འབོར་ལ་ཁྱབ་ཅིང་། སྤྱིར་ན་རྒན་རྒོན་ཚང་མ་གཏན་འཇགས་ཀྱི་འགན་སྲུང་ལམ་ལུགས་ནང་ཞུགས་ནས་དམངས་ཡོངས་ལ་ཁྱབ་པའི་ལམ་ལུགས་མ་ལག་གི་སྒྲོམ་གཞི་ཞིག་ཆགས་ཡོད། ལམ་ལུགས་སྟེགས་བུ་ཆེན་པོ་གཉིས་ཕན་ཚུན་སྦྲེལ་མཐུད་དང་ཕན་ཚུན་འདེགས་སྐྱོར་དུ་བྱས་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཁྲི་བརྒྱ་ལྷག་ཙམ་གྱི་རྒན་གསོ་འགན་བཅོལ་གྱི་དབང་ཆར་འགན་སྲུང་ཐུབ་ཡོད།

ལས་བཟོའི་རྒན་གསོ་འགན་བཅོལ་དང་ཡུལ་མིའི་རྒན་གསོ་འགན་བཅོལ་དབར་སྦྲེལ་མཐུད་དང་གཞན་སྒྱུར་གྱི་སྟེགས་བུ་བཙུགས་ཡོད། 《གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་སྦྲེལ་མཐུད་དང་གནས་སྐབས་ལག་བསྟར་བྱེད་ཐབས》ཀྱིས་ལས་བཟོ་དང་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་སྦྲེལ་མཐུད་འགྲོ་ལམ་ཤར་གཏོང་བྱེད་པ་དང་། ལས་བཟོའི་རྒན་གསོ་འགན་བཅོལ་དང་ཡུལ་མིའི་རྒན་གསོའི་འགན་བཅོལ་དབར་འབྲེལ་ཟམ་འཛུགས་པ། ལམ་ལུགས་དང་སྲིད་ཇུས་ཐད་ངལ་རྩོལ་ནུས་ཤུགས་དང་མི་འབོར་ལུགས་མཐུན་ངང་འཁོར་སྐྱོད་བྱེད་རྒྱུར་ཤུགས་རྐྱེན་བཟོ་བའི་འགོག་རྐྱེན་མེད་པ་བཟོ་བ་བཅས་བྱས་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།