ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ནག་ཆུ་རྫོང་མི་དམངས་དྲག་ཆས་པུའུ་ཡིས་དམག་དཔུང་དང་ས་གནས་དབར་གྱི་འབྲེལ་ཟམ་ནུས་པ་འདོན་སྤེལ་གྱིས་བྱེད་ཐབས་ཧུར་ཐག་སྤྱད་ནས་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་དང་རྒྱལ་སྲུང་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པ་རེད།

ནག་ཆུ་རྫོང་མི་དམངས་དྲག་ཆས་པུས་དཔུང་སྡེ་དང་དམག་ཁོངས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མི་དང་འབྲེལ་བ་ཡོད་པའི་དོན་དག་ཡིན་ཕྱིན། རྒྱུན་དུ་རོགས་པ་བྱེད་གང་ཐུབ་བྱས་ཏེ་དཔུང་སྡེའི་དཔོན་དམག་དང་དམག་ཁོངས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མིར་རོགས་རམ་ཧུར་ཐག་བྱེད་ཀྱི་ཡོད། འདི་ལོའི་ཟླ་བཅུ་པར་མི་དམངས་དྲག་ཆས་པུའུ་ཡི་འཐབ་འཛིང་པ་ཞིག་གིས2004ལོར་ཁུན་མིང་ཏུང་ཁྲོན་གྱི་ཁུལ་ཆུང་ཞིག་ནས་ཁང་དངུལ་སྒོར་ཁྲི11འཇལ་ཡང་ཁང་པ་གཏན་ནས་རག་མེད་སྟབས་ཁོང་དང་ནང་མི་བྱ་དཀའ་བྱེད་གཏད་དུ་འགྱུར། མི་དམངས་དྲག་ཆས་པུས་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་བརྒྱུད་ཏུང་ཁྲོན་ཆུས་མི་དམངས་དྲག་ཆས་པུའུ་དང་མཐུན་སྦྱོར་བྱས་ཏེ་གསར་སྤེལ་ཚོང་པའི་དབར་གྱི་ས་ཆའི་རྩོད་གཞི་ཐག་གཅོད་འོས་འཚམ་བྱས་པ་རེད། 2014ལོ་ཚུན་དུ་མི་དམངས་དྲག་ཆས་པུའུ་དེས་ད་དུང་ཡུན་ནན་དཔུང་སྡེ་ཞིག་གི་ཧྲེ་ཀོན་དམག་མི་སྐལ་བཟང་རྒྱ་མཚོའི་ཁྱིམ་གྱི་ཁྲིམས་འབྲེལ་གནད་དོན་དང་དཔུང་སྡེ་ཞིག་གི་པན་ཀྲང་ཟླ་བ་རིག་འཛིན་ཁྱིམ་གྱི་དཔལ་འབྱོར་རྩོད་གཞི་སོགས་དཔུང་སྡེ་དང་ཁྲིམས་དང་འབྲེལ་བ་ཡོད་པའི་གནད་དོན་5འོས་འཚམ་ངང་ཐག་གཅོད་བྱས་ནས་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་དང་རྒྱལ་སྲུང་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱས་པས། དོ་བདག་དང་དེ་བཞིན་དཔུང་སྡེའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།