ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གོང་ཚེས་ཉིན་གྱི་སྔ་དྲོ་གཞིས་རྩེ་གྲོང་ཁྱེར་གྱིས་ཤེས་ལྡན་མི་སྣའི་ལས་དོན་སྐུལ་སྤེལ་ཚོགས་འདུ་དང་སྐབས་དང་པོའི“ཇོ་རིའི་ཤེས་ལྡན་མི་སྣའི”གཟེངས་བསྟོད་ཚོགས་འདུ་འཚོགས་པ་རེད།

ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས། གསར་འབྱེད་གསར་གཏོད་དང་ལས་དོན་ཏན་ཏིག་བསྒྲུབས་ནས་ཤེས་ལྡན་མི་སྣའི་སྟོབས་ཆེའི་གྲོང་ཁྱེར་གྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ“ཤེས་ལྡན་མི་སྣ་གསོ་སྐྱོང”གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། “ཤེས་ལྡན་མི་སྣ་གསོ་སྐྱོང”གི་དཀའ་གནད་སྔར་བས་སེལ་བ། “ཤེས་ལྡན་མི་སྣ་གསོ་སྐྱོང”གི་ཁོར་ཡུག་སྔར་བས་གཏོད་པ། “ཤེས་ལྡན་མི་སྣ་གསོ་སྐྱོང”གི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཤེས་ལྡན་མི་སྣའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་བཏང་བར། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་སྐབས་དང་པོའི“ཇོ་རིའི་ཤེས་ལྡན་མི་སྣའི”མཚན་སྙན་ཐོབ་མཁན་བློ་མཐུན་ལ་གཟེངས་བསྟོད་བྱས་པ་དང་འབྲེལ་ཁོང་ཚོའི་གཏམ་བཤད་ཉན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།