ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཉམ་ལས་ཁང་གི་ལས་དོན་མི་སྣས་བོད་བྱའི་སྒོ་ང་འཐུམ་སྒྲིལ་རྒྱག་བཞིན་པ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་དགའ་གྲོང་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་སྤྱི་ལོ ༢༠༠༥ ལོར་བཙུགས་པ་ནས་ད་བར། སྔར་རྒྱ་ཁྱོན་མུའུ ༦ དང་བྱ་ཚང་ ༡༠ ནས་ད་ཆ་རྒྱ་ཁྱོན་མུའུ ༣༠ དང་བྱ་ཚང་ ༣༠ བར་འཕེལ་རྒྱས་ཕྱིན་ཡོད། ད་ལྟ་བར་མཉམ་ལས་ཁང་ལ་ཁྱོན་དེ་ཕོ་དང་བྱ་མོ། བྱ་ཕྲུག་བཅས་ཁྲི ༢ ཡོད་པ་དང་། ལོ་རེའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི ༡༧༢.༤ ཟིན་གྱི་ཡོད་པ་དང་ཁེ་བཟང་སྒོར་ཁྲི ༧༥ ཡོང་གི་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་ཞིང་དུད་ ༥༠ ལས་ཞུགས་ཐུབ་རྒྱུར་སྣེ་འཁྲིད་བྱས་ཡོད་པ་མ་ཟད་དུད་ཚང་རེར་ལོའི་ཡོང་འབབ་སྒོར ༤༠༠༠ ལྷག་ཡོང་གི་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།