ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2011ལོར་ཕྱོགས་ཡོངས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་གཟེངས་བསྟོད་ལམ་ལུགས་སྤེལ་མགོ་བརྩམས་པ་ནས་ད་ལྟའི་བར། ནག་ཆུ་ས་ཁུལ་གྱིས་ཕྱུགས་འགོག་ས་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི5638དབྱེ་མཚམས་བཅད་དེ་རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་བྱས།

ནག་ཆུ་ས་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་གིས་བཤད་རྒྱུར། ནག་ཆུ་ཡིས་ཕྱུགས་འགོག་ས་ཁུལ་ལ་ཕྱོགས་གང་ཐད་ནསGPSགནས་ཐིག་གཏན་ཁེལ་དང་། རྟགས་མཚན་བྱང་བུ་སྒྲིག་སྦྱོར་བྱས་ནས་ལུག་ཁྲི1185.31གི་ཤོང་ཚད་ཁྱིམ་ཚང་རེ་རེ་ལ་ཞིབ་བཤེར་གཏན་འབེབས་བྱས་ཏེ། རྩྭ་ཕྱུགས་དོ་མཉམ་གྱི་རྒྱ་ཁྱོན་དངོས་སུ་ས་ཆ་དང་འབྲོག་ཁྱིམ་གྱི་དོན་ཐོག་ཏུ་འཁེལ་བ་བྱས་ནས། ཚད་གཞི་དང་མཐུན་པའི་ཞིང་འབྲོག་མང་ཚོགས་ལ་ཁ་གསབ་རོགས་དངུལ་གྱི་བྱ་དགའ་གནང་བ་ཡིན་ཟེར།

ཁ་གསབ་རོགས་དངུལ་གྱི་བྱ་དགའ་ལས་ཁེ་ཕན་ཐོབ་པའི་རྐྱེན་གྱིས2011ལོ་ནས་བཟུང་ནག་ཆུས་བསྡོམས་པའི་ལུག་ཁྲི190ལྷག་ཇེ་ཉུང་དུ་བཏང་ནས་རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་བྱས། ཚེ་རིང་གིས་བཤད་རྒྱུར་ཕྱུགས་འགོག་ས་ཁུལ་གྱི་སྔོ་ཁེབས་གནས་ཚུལ་མངོན་གསལ་ངང་སླར་གསོ་བྱུང་ལ་སྔོ་ཁེབས་ཚད60%ནས70%ལ་བསླེབས་ཡོད་པ་མ་ཟད། རྩྭ་ཡི་སྐྱེ་ནུས་ཉམས་པ་དང་བྱེ་མར་འགྱུར་བའི་རྣམ་པ་ཇེ་ལེགས་སུ་སོང་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།