ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཆུ་ཤུར་རྫོང་གིས“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”བོད་སྐྱོར་རྣམ་གྲངས14གཏན་ཁེལ་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4.06གཏོང་རྩིས་ཡོད། རྣམ་གྲངས་དེ་དག་ཁྲོད་གཞི་རྩའི་སྤྱི་སྤྱོད་ཞབས་ཞུ་འཛུགས་སྐྲུན་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་འཛུགས་སྐྲུན། ཐོན་ལས་རྒྱབ་སྐྱོར་འཛུགས་སྐྲུན། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་སོགས་འདུས་ཡོད།

ཤེས་གསལ་ལྟར་ན། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་ཀྱི་བོད་སྐྱོར་འཆར་འགོད་རྣམ་གྲངས་ཀྱི་བླང་བྱ་ལྟར། རྫོང་ཡོངས་ནས་རྫོང་ཐད་གཏོགས་ཚན་ཁག་སོ་སོའི་བསམ་འཆར་བསྡུ་ལེན་བྱས་པ་མ་ཟད། ཆེད་དོན་ཚོགས་འདུ་འཚོགས་ནས་ཡར་ཞུ་བྱས་པའི་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་གྱི་འབྲེལ་ཡོད་ནང་དོན་དང་། གཞི་ཁྱོན། མ་དངུལ་སོགས་རེ་རེ་བཞིན་གྲོས་སྡུར་བྱས་ཏེ། མཇུག་མཐར“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”བོད་སྐྱོར་རྣམ་གྲངས14གཏན་ཁེལ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།