ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2015ལོའི་བོད་ལྗོངས་ཀྱི་གློག་རྡུལ་ཚོང་དོན་གྲོང་ཚོ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བའི་སྲིད་ཇུས་ཐད་ཀྱི་གསོ་སྦྱོང་ལྷ་ས་ནས་སྤེལ་མགོ་བརྩམསལྷོ་ཁ་ས་ཁུལ་དང་། མངའ་རིས་ས་ཁུལ། ནག་ཆུ་ས་ཁུལ། ཆབ་མདོ་གྲོང་ཁྱེར་གྱི་ལས་བགོས་འགན་གཉེར་ཆེད་གཏོང་བས་ཁུལགྲོང་ཁྱེརནོར་སྲིད་ཅུའུ་དང་། ཚོང་དོན་ཅུའུ་ཡི་འགན་ཁུར་བ། དཔེ་སྟོན་རྫོངགོང་དཀར་རྫོང་། མཚོ་ཆེན་རྫོང་། དཔལ་མགོན་རྫོང་། དཔའ་ཤོད་རྫོང་།གི་རྫོང་དཔོན། ལས་བགོས་འགན་གཉེར་གྱི་རྫོང་དཔོན་གཞོན་པ་དང་རྫོང་ནོར་སྲིད་ཅུའུ། ཚོང་དོན་ཅུའུ་ཡི་འགན་ཁུར་བ། ས་ཁུལ་ཚོང་དོན་ཅུའུ་ཡི་འབྲེལ་ཡོད་བྱེད་སྒོའི་ལས་བྱེད་མི་སྣ་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

 ཐེངས་འདིའི་གསོ་སྦྱོང་ཁྲོད་བོད་ལྗོངས་གློག་རྡུལ་ཚོང་དོན་གྱིས་ཞབས་ཞུ་ལྟེ་གནས་དང་ཞང་གྲོང་འཁོར་སྐྱོད་ཚོང་གཉེར་ལྟེ་གནས་བཙུགས་ཏེ། དངོས་ཟོག་འཁོར་རྒྱུག་མ་ལག་འཛུགས་སྐྲུན། ཞིང་ལས་ཐོན་རྫས་གསར་སྤེལ། ཚོང་རྟགས་གྲགས་ཅན་སོགས་གསར་སྐྲུན་བྱེད་པ་བརྒྱུད་ནས། ཞིང་ལས་དང་། ཕྱུགས་ལས། གནས་སྐོར། ཡིག་ཟམ། མཁོ་འཚོང་། ཐོན་སྐྱེད་ཁེ་ལས་སོགས་ཁེ་ལས་ཕྱོགས་ཡོངས་ནས་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་འཐབ་ཇུས་སུ་ཞུགས་རྒྱུར་སྐུལ་འདེད་བཏང་། དེ་མིན་གློག་རྡུལ་ཁྲོམ་ར་དར་སྤེལ་དང་། གློག་རྡུལ་ཚོང་དོན་གྱིས་ཐོན་ལས་ཚོང་འགུག་བྱ་བ་དང་དམངས་ཚིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། དཔེ་སྟོན་རྫོང་སོ་སོའི་སྡེ་ཁག་གི་མགོ་ཁྲིད་ལ་གློག་རྡུལ་ཚོང་དོན་འཕེལ་རྒྱས་བྱ་བར་ཡིད་ཆེས་བསྐྲུན་དགོས་པར་བསྟན།  ། 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།