བསྟན་འཛིན་ཤེས་རབ་ཀྱིས་ཐང་ག་འབྲི་སྟངས་སློབ་སྦྱོང་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁམས་སྨན་ཐང་ལུགས་ནི་ས་གནས་དེ་གར་དར་བའི་ཐང་གའི་ལུགས་ཤིག་ཡིན་པ་དང་ད་བར་ལོ་ངོ700ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་ས་གནས་དེ་གའི་ལྷ་རིས་པ་ཚོས་ཐང་གའི་འཛིན་གྲྭ་གཉེར་སྐྱོང་བྱས་ནས་ཁྱིམ་ཚང་ཆ་རྐྱེན་ཞན་པའི་བུ་ཕྲུག་ཚོར་རིན་མེད་ཀྱི་ཐང་ག་འབྲི་སྟངས་བསླབ་ཀྱི་ཡོད་པ་དང་། ལོ་ལྔ་དྲུག་ཙམ་གྱི་སློབ་སྦྱོང་བྱས་པ་བརྒྱུད་ད་ཆ་དགེ་ཕྲུག་མང་པོ་ཞིག་གིས་རང་ཉིད་ཀྱི་ཐང་ག་འབྲི་ཁང་བཙུགས་ཡོད། 1992ལོར་ཐང་གའི་འཛིན་གྲྭ་བཙུགས་ཚུན། རིམ་རྩིས་བྱས་ན་དགེ་ཕྲུག455གསོ་སྦྱོང་བྱས་ཡོད་པ་དང་། དེས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་ཐང་གའི་རིག་གནས་རྒྱུན་འཛིན་ཐུབ་རྒྱུ་སོགས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།