ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གྱི་སྔ་དྲོ་གཞིས་རྩེ་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་གནད་སྨིན་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་སྤྱི་འགན་འཁུར་བའི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར། གྲོང་ཁྱེར་དང་རྫོང(ཆུས)གིས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་འཛུགས་པ་བཅས་བྱས་ཏེ། གནད་སྨིན་དབུལ་སྐྱོར་གྱི་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇོག་དགོས་པ་དང་། 2020ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་ཀྱི་དབུལ་པོ་ཚང་མ་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་རྒྱུའི་སྤྱིའི་དམིགས་ཚད་ལ་དམིགས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”ཆེད་དོན་དབུལ་སྐྱོར་འཆར་འགོད་ལས་དོན་ཡག་པོ་བསྒྲུབས་ཏེ་འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ། “4·25”ས་ཡོམ་གེགས་རྗེས་བསྐྱར་སྐྲུན་ལས་དོན་དང་ཟུང་འབྲེལ་བྱས་ནས་འཚོ་གནས་ཀྱི་ཆ་རྐྱེན་ཞན་པ་དང་ས་གཤིས་ཀྱི་གནོད་འཚེ་ཐོན་སླ་བ་སོགས་ས་ཁུལ་གྱི་དབུལ་སྐྱོར་བྱ་ཡུལ་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱེད་དགོས་པ། “སྲིད་ཇུས་ཀྱི་དབུལ་སྐྱོར་དང་། ཆེད་དོན་དབུལ་སྐྱོར། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་ཀྱི་དབུལ་སྐྱོར། བོད་སྐྱོར་གྱི་དབུལ་སྐྱོར”བཅས་ཕྱོགས་ལྔ་གཞི་གཅིག་གི་དབུལ་སྐྱོར་ཆེ་མོའི་ལས་ཀའི་རྣམ་པར་དམ་པོར་དམིགས་ནས་ཞིང་འབྲོག་དང་། སློབ་གསོ། འཕྲོད་བསྟེན་སོགས་སྡེ་ཚན་གྱི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་གཅིག་སྡུད་མ་འཇོག་བྱས་ནས། མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས་པ། རྫོང(ཆུས)དང་ཚན་པ་ཁག་གིས་དབུལ་སྐྱོར་གསར་སྤེལ་གྱི་ལག་བསྟར་ཇུས་གཞི་དང་ལས་རིགས་དབུལ་སྐྱོར་གྱི་འཆར་འགོད་ཞིབ་ཕྲ་བཟོས་ནས། སྤྱི་ཚོགས་ཡོངས་ཞུགས་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།