ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ལྗོངས་བསྡོམས་རྩིས་ཅུས་དང་། ལྗོངས་གནམ་གཤིས་ཅུས། ལྷ་ས་འགག་སྒོ་ལས་ཁུངས་བཅས་དང་མཉམ་འབྲེལ་ཐོག་ཚད་ལེན་ལྟ་ཞིབ་ཚོགས་ཆུང་བཙུགས་ཏེ། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར(རྫོང་རིམ་པ)གྱི་མིང་འདོན་གྲོང་ཁྱེར་ཡིན་པའི་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་དང་། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར(ས་ཁུལ་རིམ་པ)ཡིན་པའི་ལྷ་ས་གྲོང་ཁྱེར་གཉིས་ཀྱི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་ལས་དོན་ལ་ཚད་ལེན་ལྟ་ཞིབ་བྱས་པ་རེད།

རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར(རྫོང་རིམ་པ)གྱི་མིང་འདོན་གྲོང་ཁྱེར་ཡིན་པའི་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་དུ། ཚད་ལེན་ལྟ་ཞིབ་ཚོགས་ཆུང་གིས་སྣེ་གདོང་རྫོང་ཕོ་བྲང་སློབ་ཆུང་སོགས་ཤང་དང་གྲོང་གསེབ་ཀྱི་སློབ་གྲྭ་དང་ལོ་ཆུང་ཕོ་བྲང་བཞིར་ལྟ་ཞིབ་བྱས་པ་དང་། སྣེ་གདོང་རྫོང་རིག་གནས་ཅུས་དང་། ལྷོ་ཁ་ས་ཁུལ་སྔོན་གཤེགས་དཔའ་བོའི་བང་སོ། ལྷོ་ཁ་ས་ཁུལ་ཕན་བདེ་ཁང་སོགས་ཚན་པ་12ལ་རྐང་འཁོར་བཞོན་ནས་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ། སྣེ་གདོང་རྫོང་སྐྲུན་ཟིན་ཆུས་དཔལ་རྒྱས་སྲང་ལམ་དང་། གྲོང་མིའི་ཁུལ་ཆུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦྲེལ་མཚམས་བཅས་ལ་མངོན་མིན་རྟོག་ཞིབ་གནང་ཞིང་། སྣེ་གདོང་རྫོང་གི་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་ལས་དོན་ཀྱི་སྙན་ཞུ་ཉན་པ་རེད། ཚད་ལེན་ལྟ་སྐུལ་ཚོགས་ཆུང་གིས་ད་ཐེངས་ཚད་ལེན་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དག་སྣེ་གདོང་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་ལྡོག་འདྲེན་བྱས་པ་དང་འབྲེལ། ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་འབྲེལ་ཡོད་གྲོས་འགོ་བཏོན་པ་རེད།

རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར(ས་ཁུལ་རིམ་པ)ཡིན་པའི་ལྷ་ས་གྲོང་ཁྱེར་དུ་ཚད་ལེན་ལྟ་ཞིབ་ཚོགས་ཆུང་གིས་ལྷ་ས་མེ་འཁོར་བབས་ཚུགས་དང་། ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ། ཕོ་བྲང་པོ་ཏ་ལ་ཐང་ཆེན་སོགས་ཚན་པར་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་དང་། ཚད་ལེན་ལྟ་ཞིབ་ཚོགས་ཆུང་གིས་རྐང་འཁོར་བཞོན་ནས་བསྐྱོད་པའི་ལམ་བར་དུ་བབ་བསྟུན་ངང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་བྱེད་པའི་ཐད་ཀྱི་གྲོང་མིའི་བསམ་འཆར་ཉན་པ་རེད། ཚད་ལེན་ལྟ་ཞིབ་ཚོགས་ཆུང་གིས་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་བྱེད་རིང་གྲོང་མིའི་ཤེས་དཔལ་དར་སྲོལ་སྣེ་ཁྲིད་བྱེད་པ་དང་། གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་བ། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཐད་ཀྱི་ནུས་པ་ཁས་ལེན་བྱས་པ་མ་ཟད། ཚད་ལེན་ལྟ་ཞིབ་ཚོགས་ཆུང་གིས་ཤེས་རྟོགས་བྱུང་བའི་གནད་དོན་ལྷ་ས་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་ལ་ལྡོག་འདྲེན་ཡང་བྱས་པ་རེད།

རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཚད་ལེན་ལྟ་ཞིབ་བྱས་པ་བརྒྱུད་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱུང་བ་དང་། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་ལས་དོན་སྤེལ་བར་ཐོག་མའི་དཔྱད་ཡིག་འཚོལ་བསྡུ་བྱས་པ་རེད། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་བརྡ་ཐོའི་བླང་བྱ་གཞིར་བཟུང་། ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ད་ཐེངས་ཀྱི་ཚད་ལེན་ལྟ་ཞིབ་བྱེད་ཚུལ་ཕྱོགས་སྡོམ་བྱས་རྗེས་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་ལ་སྙན་སེང་ཞུ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།