ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གཞོན་ནུའི་འབོད་སྒྲ·བོད་ལྗོངས”ཞེས་པའི་སྤྱི་ཚོགས་སྤེལ་རེས་ཀྱི་སྟེགས་བུ་བཙུགས་ཚུན། ལྗོངས་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྲི30དང་གཞོན་ནུ་ལོ་ཆུང་ཁྲི180ལ་སྤེལ་རེས་ཀྱི་བྱེད་ཐབས་སྟབས་བདེ་ཞིག་བཏོད་ཡོད། དུས་མཚུངས་རང་ལྗོངས་ཀྱི་སྡེ་ཚོགས་རྩ་འཛུགས་ཀྱིས་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ་རིག་གནས་དང་། ཡུལ་སྐོར། བོད་ལུགས་གསོ་རིག་དང་བོད་སྨན། བྱ་གཞག་གསར་གཏོད་སོགས་ཀྱི་ཁྱབ་ཁོངས་ཚུད་པའི་རིགས་གཅིག་མཁས་ཅན300ལྷག་ཙམ་གྱི་དཔུང་ཁག་སྒྲིག་འཛུགས་བྱས་ནས་གཞོན་ནུ་ལོ་ཆུང་གི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཐད་འཕྲད་པའི་གནད་དོན་དང་དཀའ་གནད་སེལ་ཆེད་དྲ་བ་སྤྱད་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྡེ་ཚོགས་གཞོན་ནུར་ཞབས་ཞུའི་ལས་དོན་སྤེལ་བ་རེད།

སྡེ་ཚོགས་ལྗོངས་ཨུ་ལྷན་གྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། “གཞོན་ནུའི་འབོད་སྒྲ·བོད་ལྗོངས”ཞེས་པའི་སྤྱི་ཚོགས་སྤེལ་རེས་ཀྱི་་སྟེགས་བུ་སྤྱོད་འགོ་ཚུགས་པ་ནས་བཟུང་། རིམ་ཁག་སྡེ་ཚོགས་རྩ་འཛུགས་ལ་རོགས་རམ་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་གཞོན་ནུར་ཤེས་རྟོགས་དང་། གཞོན་ནུར་ཁྲིད་སྟོན། གཞོན་ནུར་ཞབས་ཞུ། གཞོན་ནུའི་ཁྲོད་སྐྱོད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་གཞོན་ནུའི་ཡིད་དབང་འགུག་ཤུགས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་ཐུབ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་འདི་ལོའི་ཟླ9ཚེས20ཉིན“གཞོན་ནུའི་འབོད་སྒྲ·བོད་ལྗོངས”ཞེས་པའི་ཞིང་ཆེན་རིམ་པའི་སྤྱི་ཚོགས་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་པ་དང་། དེ་རྗེས“གཞོན་ནུའི་འབོད་སྒྲ·ལྷ་ས”དང་། “གཞོན་ནུའི་འབོད་སྒྲ·ལྷོ་ཁ”“གཞོན་ནུའི་འབོད་སྒྲ·གཞིས་རྩེ”སོགས་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྤྱི་ཚོགས་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ཡོད་པ་དང་། མིག་སྔར“གཞོན་ནུའི་འབོད་སྒྲ·བོད་ལྗོངས”ཞེས་པའི་སྤྱི་ཚོགས་སྟེགས་བུ་དེ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར7དང་། རྫོང་དང་ས་ཁུལ74 མཐོ་སློབ7བཅས་ལ་ཁྱབ་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།