ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས21ཉིན། གསར་འགོད་པས་བོད་ལྗོངས་འགྲུམ་འགྲིལ་སྐྱེལ་འདྲེན་ཐིན་ནས་ཤེས་གསལ་ལྟར་ན། ཟླ12པའི་ཚེས18ཉིན་བོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་བཀོད་སྒྲིག་ལྟར། བོད་ལྗོངས་འགྲུམ་འགྲིལ་སྐྱེལ་འདྲེན་ཐིན་གྱི་ཏང་ཨུ་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ ། རྒྱུན་ལས་ཐིན་ཀྲང་གཞོན་པ་དབྱངས་སྐྱིད་ཀྱིས་སྤྱིའི་བཟོ་སྐྲུན་པ་ཧྥུན་ཀྲན་ཀྲོང་དང་འབྲེལ་ཡོད་སྡེ་ཁག་ལས་གྲུབ་པའི་བྱ་བའི་ཚན་ཁག་སྣེ་ཁྲིད་ནས་གཞིས་ཀ་རྩེ་གྲོང་ཁྱེར་ལ་སོང་ནས ། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་ཀྱི་གཞུང་ལམ་གཙོ་བོའི་འཛུགས་སྐྲུན་རྣམ་གྲངས་ཏེ་གཞིས་ཀ་རྩེ་གནམ་གྲུ་འབབ་ཐང་ནས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་དང་འབྲེལ་ཡོད་བྱ་བར་གྲོས་སྡུར་བྱས་ཀྱང་། རྣམ་གྲངས་དེ2016ལོར་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་འཆར་གཞི་བཀོད །

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། གཞིས་ཀ་རྩེ་གནམ་གྲུ་འབབ་ཐང་ནས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་རིམ་གཞུང་ལམ་གྱི་མགོ་འཛུགས་ས་གཞིས་ཀ་རྩེ་གནམ་གྲུ་འབབ་ཐང་དང་། མཇུག་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མེ་འཁོར་ས་ཚིགས་ཀྱི་ཉེ་འགྲམ་ལ་ཐུག་ཡོད། གཞིས་ཀ་རྩེ་གནམ་གྲུ་འབབ་ཐང་ནས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས2016ལོར་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་འཆར་གཞི་ཡོད་དེ། བཟོ་སྐྲུན་འདིའི་གཞུང་ལམ་གྱི་རིམ་པ་ལ་རིམ་པ་དང་པོའི་གཞུང་ལམ་ཕྱོགས་གཉིས་ལ་འཁོར་ལམ་བཞི་ཡོད་པ་ཇུས་འགོད་བྱས་ཡོད་པ་དང་། མགྱོགས་ཚད་ནི་དུས་ཚོད་རེ་ལ་སྤྱི་ལེ80རེ་ཡིན་པ་ཇུས་འགོད་བྱས་པས་གཞིས་ཀ་རྩེ་གནམ་གྲུ་འབབ་ཐང་ནས་གཞིས་ཀ་རྩེ་གྲོང་ཁྱེར་བར་རླངས་འཁོར་སྐོར་ན་ཕལ་ཆེར་སྐར་མ30ལྷག་དགོས།

གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་པས་གྲོང་ཁྱེར་ཡོངས་ཀྱིས་རྣམ་གྲངས་འདིར་གཙིགས་ཆེན་བྱེད་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཡོངས་སུ་ནུས་ཤུགས་ཡོད་དགུས་འཛུགས་སྐྲུན་ཁོར་ཡུག་བཟང་བོ་བསྐྲུན་ཏེ་ཕྱོགས་གང་ཐད་ནས་རྣམ་གྲངས་ལེགས་འགྲུབ་ཡོང་བར་གྲ་སྒྲིག་བྱེད་བཞིན་ཡོད་པ་བསྟན།  །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།