ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གསར་སྤེལ་བྱ་བ་སྒྲུབ་བར་བྱེད་ཐབས་མང་པོ་བེད་སྤྱད་དེ། དབུལ་སྐྱོར་བྱ་བའི་དམིགས་འབེན་ལ་དམིགས་ནས། དབུལ་ཕོངས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུར་ཤུགས་སྣོན་དང་། ཤང་ཡོངས་སྐུལ་སྤེལ་དང་། ཕྱོགས་ཡོངས་ནས་དབུལ་སྐྱོར། ངལ་ལས་སྤོ་སྒྱུར་དང་། རྣམ་གྲངས་སྐུལ་སྤེལ་གཙོར་བཟུང་སྟེ། རྒྱལ་ཁབ་གྱིས་མ་དངུལ་སྒོར་དུང་ཕྱུར12.4བཏང་ནས། རྣམ་གྲངས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པ་དང་། ཐོན་ལས་དབུལ་སྐྱོར། དམངས་ཚིས་དབུལ་སྐྱོར། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས1605ལག་བསྟར་བྱས་ནས། བསྡོམས་པས་མི་ཁྲི16དབུལ་སེལ་ཐུབ་པ་བྱུང་། དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་སོང་བ་ལས། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་ལ། དབུལ་སྐྱོར་གསར་སྤེལ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གྱུར་ནས། དབུལ་སྐྱོར་ཞིང་ལས་གསར་སྤེལ་གྱི་བྱ་བ་སོ་སོ་ནན་གྱིས་སྤེལ་ཏེ། 2020ལོར་བསླེབ་དུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།