ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་རྫོང་གིས་ཞིང་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་དེ་ཐོན་ལས་དབུལ་སྐྱོར་གྱི་བྱ་སྤྱོད་གལ་ཆེན་ཞིག་ཏུ་བརྩིས་ནས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། “བྱ་གཞག་བཞིའི་འདུ་འགོད”ཀྱི་འཕེལ་རྒྱས་བསམ་ཕྱོགས་དང་བསྟུན་ཏེ། སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དང་སྟོད་ལུང་བདེ་ཆེན་རྫོང་གི་ཕག་པ་མགོ་གྲངས་ཁྲི་1ཟིན་པའི་གསོ་ཚགས་རྟེན་གཞི་སོགས་བསྐྲུན་ཡོད། དེ་དང་ཆབས་ཅིག་བོད་བྱ་གསོ་ཚགས་མཉམ་ལས་ཁང་དང་འཚེམ་བཟོ་མཉམ་ལས་ཁང་བཙུགས་ནས་གྲོང་ཚོ་ཚང་མར་ཕྱུག་འགྱུར་ཐོན་ལས་མངོན་འགྱུར་བྱུང་སྟེ་གནད་སྨིན་དབུལ་སྐྱོར་ལ་སྐུལ་མ་བཏང་ཡོད།

འདི་ནི་ཟླ12པའི་ཚེས18ཉིན་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་སྦྱར་རགས་གྲོང་ཚོའི་ཞིང་པའི་འཚེམ་བཟོ་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་སྤེན་པ(དཀྱིལ)དང་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ལས་དོན་མི་སྣས(གཡས)གྱོན་གོས་བཟོ་སྟངས་ལ་ལྟ་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།