ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། མྱང་ཆུའི་སྨད་རྒྱུད་ཀྱི་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་དང་ཞིང་འབྲོག་ལས་ཀྱི་ཆུ་སྤྱོད་དང་དེ་བཞིན་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་ཞིང་ཆུ་འགན་ལེན་བྱ་ཆེད་མ་ནག་ཆུ་བེད་ལྟེ་བའི་དོ་དམ་ཅུས་ཀྱིས་ཞིང་ཆུ་འདྲེན་ཁུལ་སྨད་རྒྱུད་ཀྱི་ཞིང་ཁ་དང་ཞིང་འབྲོག་པའི་ཆུ་སྤྱོད་པའི་དགོས་མཁོར་གཞིགས་ཏེ་གློག་གཏོང་ཚོད་འཛིན་དང་འཆར་གཞི་ཡོད་པའི་ངང་ཆུ་གསོག་འཇོག་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ནུས་ཤུགས་ཡོད་རྒུས་ཞིང་ཆུ་འདྲེན་ཁུལ་སྨད་རྒྱུད་ཀྱི་རྫོང་གཉིས་དང་ཆུས་གཅིག་གི་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་ཞིང་ཆུ་གཏོང་བའི་དགོས་མཁོ་འགན་ལེན་བྱེད་པ་དང་མྱང་ཆུའི་འབབ་རྒྱུད་ཀྱི2017ལོའི་རྒྱུན་གཏན་མིན་པའི་གནམ་གཤིས་འོག་ཆུ་སྤྱོད་པའི་དགོས་མཁོ་འགན་ལེན་བྱེད་ཀྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་མྱང་ཆུའི་འབབ་རྒྱུད་ཀྱི་ཆུ་བྲི་བའི་དུས་སྐབས་རིང་བ་དང་མྱང་ཆུའི་འབབ་རྒྱུད་ཧྲིལ་པོའི་ཆུ་འབོར་ཉུང་བས་མ་ནག་ཆུ་མཛོད་ཀྱི་ཆུ་གསོག་ཆུ་ཁ་རྒྱུན་མཐུད་ངང་དམའ་པོ་ཡོད། ཟླ9པའི་ཟླ་མཇུག་བར་ཆུ་མཛོད་ཀྱི་ཆུ་ཁ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་སྨི2.07དམའ་བ་དང་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར0.93ཉུང་དུ་ཕྱིན་ནས་ཉེ་བའི་ལོ3རིང་གི་དུས་མཚུངས་ལས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར0.96ཉུང་བ་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།