ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ནས་བཟུང་། ངམ་རིང་རྫོང་གིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། གཙོ་གནད་མངོན་གསལ་དོད་པ་དང་སྤྱི་འདོམས་འཆར་འགོད་ཀྱིས་ལས་བྱེད་པ་ཕྱོགས་གཉིས་ལ་ལས་གནས་བརྗེ་རེས་བྱེད་པའི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ2ཤང(གྲོང་རྡལ)2ལ་སྤེལ་རེས་བྱེད་པར་མངགས་པ་དང་ཤང(གྲོང་རྡལ)15ཡི་ལས་བྱེད་པ45རྫོང་ཐད་གཏོགས་ལས་ཁུངས་སུ་ལས་གནས་བརྗེས་ནས་སྦྱོང་བརྡར་བྱེད་པར་མངགས་པས་ལག་ལེན་ཁྲོད་ལས་བྱེད་པའི་ནུས་པ་ཆེ་རུ་ཕྱིན་པ་དང་བྱང་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

ལས་གནས་བཀོད་སྒྲིག་ལ་སྣང་ཆེན་གྱིས་མི་སྣ་དམིགས་སར་འབྱོར་ཐུབ་པ་བྱས་ཤིང་། ལས་གནས་བརྗེ་རེས་ཀྱི་མི་འདེམས་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་སྒྱུར་ཨུ་ལྷན་དང་། འགྲིམ་འགྲུལ། གྲོང་ཁྱེར་དང་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན། ཁྲིམས་ཁང་། ཚོང་དོན་སོགས་ལས་སྒོའི་སྡེ་ཚན་དུ་དམིགས་སའི་རང་བཞིན་ཤུགས་ཆེ་བ་དང་ལག་རྩལ་བྱང་ཆུབ་པའི་ཆེད་ལས་ལས་བྱེད་པ་བཀོད་སྒྲིག་བྱས་ཏེ། ལས་སྒོའི་སྡེ་ཚན་གྱི་ཤེས་ལྡན་མི་སྣའི་ལས་ཆོད་ལ་བརྩི་འཇོག་གང་ལེགས་བྱས་པ་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་འདུ་ཤེས་ཞན་པ་དང་། བཀོད་སྒྲིག་དང་ལེན་མི་ཞུ་བ། ལས་དོན་ལ་ནུས་པ་མི་ཐོན་པ་དང་ཁྲལ་སེལ་སླ་བཅོས་བྱེད་པ། སྤྱོད་ཚུལ་ཞན་པ་བཅས་ཀྱི་ལས་བྱེད་པ་རིགས་བཞི་པའི་ཤང(གྲོང་རྡལ)དུ་ལས་གནས་བརྗེས་ནས་སྦྱོང་བརྡར་བྱེད་པར་བཏང་བ་དང་ཆབས་ཅིག ལས་གནས་བརྗེ་རེས་བྱེད་པའི་དོ་དམ་ལས་ཀའི་བྱ་ཐབས་བཟོས་ཏེ་འགན་འཁྲི་ཁ་གསལ་བཟོ་བ་དང་སློབ་གསོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་གནས་བརྗེ་རེས་བྱས་པའི་ལས་བྱེད་པའི་ལས་ཀར་ཕན་འབྲས་ཐོན་པ་བྱས་ཡོད།

ཕན་ཚུན་རོགས་རམ་གྱི་ལམ་སྲོལ་ལ་སྣང་ཆེན་གྱིས་ཞབས་ཞུ་དམིགས་སར་འབྱོར་བ་བྱས་ཤིང་། རྫོང་ཨུད་རྩ་འཛུགས་པུས་ལས་བྱེད་ལས་བཟོའི“ཕྱོགས་གཉིས་དབར་ལས་གནས་བརྗེ་རེས་བྱེད་པའི”སྦྱོང་བརྡར་གྱི་དོ་དམ་བྱ་ཐབས་བཟོས་ཏེ་དེ་སྔའི་ཚན་པས་ལས་བྱེད་པ་ལས་གནས་བརྗེ་རེས་ཀྱི་སྦྱོང་བརྡར་བྱེད་པའི་ལས་ཀར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ལས་གནས་བརྗེས་པའི་ལས་བྱེད་པ་རང་དགར་ལས་ཁུངས་རྙིང་པར་འཐེན་མི་ཆོག་པ་དང་ལས་གནས་བརྗེས་པའི་ལས་བྱེད་པའི་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ལ་དོ་ཁུར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལས་གནས་བརྗེ་རེས་ཀྱི་སྦྱོང་བརྡར་ཚན་པས་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཁ་གཏད་རོགས་སྐྱོར་ལས་ཀའི་ལམ་སྲོལ་བཙུགས་ནས་ལས་གནས་བརྗེས་པའི་ལས་བྱེད་པར་སྣེ་ཁྲིད་ཧུར་ཐག་བྱས་ཏེ་གསར་འབྱེད་ཡར་བརྩོན་དང་ལས་ཀ་ཏན་ཏིག་བྱེད་ཐུབ་པ་དགོས་པའི་བླང་བྱ་བཏོན་ཡོད།

དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། རྫོང་ཨུད་རྩ་འཛུགས་པུས་ལས་བྱེད་པ་ལས་གནས་བརྗེ་རེས་ཀྱི་སྦྱོང་བརྡར་བྱེད་རིང་གི་སྤྱོད་ཡོན་གྱི་མཚོན་ཚུལ་དེ་ལས་བྱེད་པ་འདེམས་སྤྱོད་བྱེད་པ་དང་སྔོན་ཐོན་དང་ཕུལ་བྱུང་འདེམས་པའི་དཔྱད་གཞི་གལ་ཆེན་གྱི་གྲས་ཤིག་ལ་བརྩིས་ནས་ལས་ཀ་ཏན་ཏིག་བྱེད་པ་དང་། བྱ་བྱེད་མངོན་གསལ་དོད་པ། འགྱུར་ལྡོག་མངོན་གསལ་དོད་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་ངེས་ཅན་ལྡན་པ་བཅས་ཀྱི་ལས་བྱེད་པར་གཟེངས་བསྟོད་དང་སྔོན་ལ་སྤྱོད་རྒྱུ་རེད། སྤྱོད་ཚུལ་ངན་པ་དང་། བྱ་བྱེད་ཞན་པ། ཤུགས་རྐྱེན་ངན་པ་བཟོ་བ་བཅས་ཀྱི་ལས་བྱེད་པར་སྐྱོན་བརྗོད་དང་སློབ་གསོ་བཏང་ནས་དགོས་ངེས་སྐབས་ལས་གནས་བརྗེ་རེས་སྦྱོང་བརྡར་གྱི་དུས་ཚོད་རིང་དུ་གཏོང་རྒྱུ་རེད། མིག་སྔར་རྫོང་དེས་ལས་གནས་བརྗེ་རེས་ཁྲོད་བྱ་བྱེད་མངོན་གསལ་དོད་པའི་ལས་བྱེད་པ་15རིགས་ཁུལ་བཞི་པ་ནས་རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་དུ་ལས་ཀ་བཀོད་སྒྲིག་གིས་ལས་གནས་བརྗེ་རེས་བྱས་པའི་ལས་བྱེད་པའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་ཐུབ་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།