ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་འཆར་གཞི་སྐོར་གྱི་བྱ་བའི་ཇུས་གཞི》འགྲེམ་སྤེལ་བྱས་ཤིང་། དེ་ལས་བྱེད་ཐབས་བཅུ་སྤྱད་དེ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་དོ་དམ། ཆུའི་སྦགས་བཙོག་འགོག་བཅོས་བཅས་ཀྱི་བྱ་བར་སྐུལ་འདེད་གཏོང་རྒྱུ་རེད།

《ཇུས་གཞི》ལས། 2020ལོར་བསླེབ་དུས་ཁུལ་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་གཅིག་བསྡུས་འཐུང་ཆུའི་ཡོང་ཁུངས་ཀྱི་ཆུའི་སྤུས་ཚད100%ལ་བསླེབ་རྒྱུ་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་རྡལ་འཚོ་བའི་བཙོག་ཆུ་གཅིག་བསྡུས་ངང་གཙང་བཟོ་བྱེད་ཚད90%ཡན་ལ་བསླེབ་རྒྱུ། ས་ཁུལ(གྲོང་ཁྱེར)གཞན་གྱི་མི་དམངས་སྲིད་གཞུང་ཡོད་སའི་གྲོང་རྡལ་འཚོ་བའི་བཙོག་ཆུ་གཅིག་བསྡུས་ངང་གཙང་བཟོ་བྱེད་ཚད85%ཡན་ལ་བསླེབ་དགོས་པར་བསྟན། དེ་མིན་ཆུ་གྲོན་ཆུང་བྱེད་པའི་དམིགས་ཚད་དང་སྦགས་བཙོག་དངོས་པོ་ཕྱིར་འབུད་པའི་སྤྱིའི་ཚད་གཞི་རྒྱལ་ཁབ་གྱི་ཚད་གཞི་དང་མཐུན་དགོས་ལ། མཚོ་དང་མཚེའུ་གཙོ་བོ་དག་གི་ཆུ་རྒྱུན་འབབ་ཡུལ་གྱི་སྐྱེ་ཁམས་མ་ལག་དང་བརླན་སའི་སྐྱེ་ཁམས་མ་ལག་སྔར་ལས་ཇེ་ལེགས་སུ་གྱུར་ནས། ས་ཆུ་ཤོར་བའི་རྣམ་པ་བཅོས་སྒྲིག་ཡག་པོ་བྱེད་དགོས་པའི་རེ་བ་བཏོན།

《ཇུས་གཞི》ལས་བྱེད་ཐབས་བཅུ་བཏོན་ཏེ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་། ཆུའི་ཐོན་ཁུངས་དོ་དམ། ཆུའི་སྦགས་བཙོག་འགོག་བཅོས་བཅས་ཀྱི་བྱ་བར་སྐུལ་འདེད་བཏང་བ་དང་། དེ་དག་ནི་སོ་སོ་ནས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་གྲོན་ཆུང་བྱེད་པར་ཤུགས་སྣོན། ཁོར་ཡུག་ཁྲིམས་སྲུང་ལ་དོ་དམ་གཟབ་ནན། ཆུའི་ཁོར་ཡུག་དོ་དམ་བྱ་བར་ཤུགས་བསྣན་བཅས་བྱས་ཏེ། ནུས་ཤུགས་ཡོད་དགུའི་ཆུའི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་འགན་སྲུང་དང་། སྦགས་བཙོག་དངོས་པོ་ཕྱིར་འབུད་བྱ་བར་ཕྱོགས་ཡོངས་ནས་ཚོད་འཛིན། དཔལ་འབྱོར་སྒྲིག་གཞི་སྤོ་སྒྱུར་བྱུང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཚོང་རའི་ལམ་ལུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་སོ་སོའི་འགན་ཁུར་གཏན་ཁེལ་དང་དངོས་འབེབས་བྱས་ཏེ། སྤྱི་དམངས་ཆུའི་སྦགས་བཙོག་གཙང་བཅོས་བྱ་བའི་ཁྲོད་ཞུགས་པ་དང་སྤྱི་ཚོགས་ལྟ་སྐུལ་བྱེད་པའི་བྱ་བར་ཤུགས་སྣོན་དགོས་པ་བཅས་རེད།  །

 西藏自治区十项举措推进水污染防治工作

日前,自治区政府办公厅印发《西藏自治区水污染防治行动计划工作方案》,将采取十项举措系统推进水生态保护、水资源管理和水污染防治工作。

《方案》提出,到2020年,全区主要城镇集中式饮用水水源地水质达标率达到100%。拉萨市建成区城镇生活污水集中处理率达到90%以上,其它地(市)行署(人民政府)所在地城镇生活污水集中处理率达到85%以上。节水指标和主要污染物排放总量达到国家要求。主要江河湖泊流域生态系统及湿地生态系统进一步改善,水土流失得到有效治理。

《方案》确定了十个方面的行动计划,系统推进水生态保护、水资源管理和水污染防治。着力节约保护水资源,严格环境执法监管,切实加强水环境管理,全力保障水生态环境安全,全面控制污染物排放,推动经济结构转型升级,强化科技支撑,充分发挥市场机制作用,明确和落实各方责任,强化公众参与和社会监督。

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།