ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྣེ་ཁྲིད་དེ་སྟག་རྩེ་རྫོང་ལྟེ་བའི་སློབ་ཆུང་དུ་བསྐྱོད་ནས“དགུན་དུས་བརྩེ་སེམས་བཅངས་ནས་དྲོ་སྐྱིད་སྤྱིན་པའི“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་བ་རེད།

སྟག་རྩེ་རྫོང་ལྟེ་བའི་སློབ་ཆུང་གི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ120དང་སློབ་ཆུང་སློབ་མ་དབུལ་ཕོངས30ལ་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྲད་པའི་སློབ་སྦྱོང་གི་ཡོ་བྱད་དང་བརྩེ་སེམས་མཚོན་པའི་དངོས་པོ་རག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང“བྱིས་པར་སྔོན་ལ་གཟིགས་སྐྱོང་བྱེད”ཅེས་པའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བྱིས་པའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཐད་རྟག་ཏུ་དོ་ཁུར་བྱེད་ཀྱི་ཡོད། བྱིས་པ་དབུལ་ཕོངས་རྣམས་དྲོ་སྐྱིད་ལྡན་པའི་དགུན་ཁ་ཞིག་བསྐྱལ་ཐུབ་ཆེད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས2012ལོ་ནས་བཟུང་ལོ4བསྟུད་མར་བྱིས་པ་དབུལ་ཕོངས་ལ་རིན་མེད་ངང་རྐང་ཤུབས་དང་སྟོད་ཐུང་སྤྲོད་པའི“གཅེས་སེམས་ཡུན་གནས་ཀྱི་བྱ་སྤྱོད”ལག་བསྟར་བྱས་ཏེ་བྱིས་པའི་འཚར་ལོངས་ལ་ཕན་པ་ཡོད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།