ལོ་ངོ་ས་ཡ་བཞིའི་གོང་རྩྭ་མདའི་གཤོང་སར་འཚོ་བཞིན་པའི་འོ་འཐུང་སྲོག་ཆགས་ཁྱུའི་སྐྱེས་ཁམས་ཀྱི་རྟོག་བཟོའི་པར་རིས།

སྤྱི་ཚེས23ཉིན་གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གདོད་མའི་མིའི་རིགས་ཞིབ་འཇུག་ཟོའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་རྩྭ་མདའི་གཤོང་ས་ནས་ལོ་ངོ་ས་ཡ་བཞིའི་གོང་གི་ཁྱི་སྤྱང་གི་འགྱུར་རྡོ་གསར་དུ་རྩད་རྙེད་ཐུབ་པ་དང་། ལོ་མང་རིང་འགྱུར་རྡོར་ཞིབ་འཇུག་གནང་མཁན་རིགས་གཅིག་མཁས་དབང་ནས། ད་ཐེངས་རུས་སིལ་ཁྱི་སྤྱང་ཆེ་གྲས་གི་ཕུང་རུས་མཚོ་བོད་ས་མཐོ་ནས་རྩད་རྙེད་ཐུབ་ཐེངས་ཐོག་མ་དེ་ཡིན་པ་དང་། དེས་ཁྱི་སྤྱང་ཀྱི་འབྱུང་ཁུངས་དང་སྣ་མང་རང་བཞིན། གནའ་བོའི་ས་ཁམས་ཁྱབ་སྟངས་སོགས་ལ་ཞིབ་འཇུག་བྱེད་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བཤད།

 ཁྱི་སྤྱང་ནི་གཟུགས་དབྱིབས་ཁྱི་དང་འདྲ་པོ་ཡོད་པ་དང་། གཟུགས་ཕུང་ཅུང་ཆེ་བའི་ཤ་གཟན་སྲོག་ཆགས་ཀྱི་རིགས་ཤིག་ཡིན། ཁྱི་སྤྱང་གི་གཟུགས་སྟོབས་ཁྱི་ལས་ཆེ་ཞིང་སོ་རྣོ་ལ་ཡ་ལེ་དང་མ་ལེ་ཤུགས་ཆེ་བས་སྲོག་ཆགས་ཀྱི་རུས་པ་འཁྲེག་པོ་ཡང་ལས་སླ་པོར་སིལ་ནས་ཟ་བགྱི་ཡོད་པས་རུས་སིལ་སྲོག་ཆགས་ཞེས་འབོད་ཀྱི་ཡོད།

ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གདོད་མའི་མིའི་རིགས་ཞིབ་འཇུག་ཟོའོ་ཡི་ཞིབ་འཇུག་པ་གཞོན་པ་ལི་ཆང་ནས། རྩྭ་མདའི་གཤོང་ས་ནས་གསར་དུ་རྙེད་པའི་ཁྱི་སྤྱང་གི་འགྱུར་རྡོ་དེ་དག་གནས་ཁུལ་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད4195ཡོད་པའི་རྩྭ་མདའ་གྲོག་རོང་གི་ཤར་ངོས་གཡང་གཟར་བྲག་རིའི་སྟེང་གི་བྱེ་རྡོའི་ཁྲོད་དུ་ཡིན། ཐོག་མར་ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་གི་ཞིབ་འཇུག་པ་ཇེ་ཀོང་ཕུར་སྤྱི་ལོ2012ལོར་རྙེད་པ་དང་བྱེ་བཙགས་རྒྱབ་རྗེས་འགྱུར་རྡོའི་དཔྱད་གཞི་འགའ་ཤས་རགས་འདུག དེའི་ཁྲོད་མ་ལེའི་རུས་པ་ཆགས་ཧྲུག་དང་ཐར་ཐོར་དུ་གནས་པའི་སོའི་འགྱུར་རྡོ་སོགས་ཚུད་བཞག་ཅེས་བཤད།  །

ཞིབ་འཇུག་པས་འགྱུར་རྡོ་འཚོལ་བཞིན་པ།

གསར་དུ་བཙལ་རྙེད་ཐུབ་པའི་ཁྱི་སྤྱང་གི་འགྱུར་རྡོ།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།