འདི་ནི་ཁོར་ཡུག་གཙང་སྦྲ་བཟོ་པས“བརྩེ་སེམས་ས་ཚིགས”ནང་ངལ་གསོ་རྒྱག་པའི་གནས་ཚུལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱ་ཆེའི་ཁོར་ཡུག་གཙང་སྦྲ་མི་སྣར་ངལ་གསོ་རྒྱག་ཡུལ་མཁོ་འདོན་བྱེད་ཆེད། ཉེ་ཆར་ཞིང་ལས་དངུལ་ཁང་བོད་ཡན་ལག་དངུལ་ཁང་གིས་མ་དངུལ་བཏོན་ནས་བཙུགས་པའི“བརྩེ་སེམས་ས་ཚིགས”བདུན་དངོས་སུ་སྒོ་ཕྱེ་ནས་ཁོར་ཡུག་གཙང་སྦྲ་མི་སྣར་རིན་པ་མི་དགོས་པར་ཆུ་ཁོལ་མ་དང་། བཏུང་བྱ། བཟའ་བཅའ་བཅས་མཁོ་འདོན་བྱེད་པ་དང་འབྲེལ་ཁ་ལག་ཚ་པོ་བཟོ་ཆས་དང་ཇ་བསྲུབས་འཕྲུལ་ཆས་སོགས་གྲ་སྒྲིག་བྱས་ཡོད་པ་རེད། དྲ་ཚིགས་ལས་གཉེར་བྱེད་རིང་ཁོར་ཡུག་གཙང་སྦྲ་བཟོ་པར་ས་ཚིགས་སུ་ངལ་གསོ་རྒྱག་པར་འགྲོ་ཆོག

ཤེས་རྟོགས་བྱུང་བར་གཞིགས་ན། “བརྩེ་སེམས་ས་ཚིགས”བདུན་པོ་དེ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་གཉེར་ཁང་དང་། གྲོང་བྱང་ཉིང་ལག་དངུལ་ཁང་། གྲོང་ཤར་ཉིང་ལག་དངུལ་ཁང་། གྲོང་ནུབ་ཉིང་ལག་དངུལ་ཁང་། བཅིངས་འགྲོལ་བྱང་ལམ་ཉིང་ལག་དངུལ་ཁང་། མཁར་རྔ་གདོང་ལམ་ཉིང་ལག་དངུལ་ཁང་། བཅིངས་འགྲོལ་ཉིང་ལག་དངུལ་ཁང་གཙང་རྒྱུད་ལམ་ཡན་ལག་དོན་གཅོད་ཁང་བཅས་སུ་བཙུགས་ཡོད། “བརྩེ་སེམས་ས་ཚིགས”ཚང་མས་ཁོར་ཡུག་འཕྲོད་བསྟེན་བཟོ་པར་ངལ་གསོ་རྒྱག་ཡུལ་མཁོ་འདོན་བྱས་ཡོད།

ཁོར་ཡུག་འཕྲོད་བསྟེན་བཟོ་པ་སངས་རྒྱས་ཀྱིས“དུས་རྒྱུན་ཁ་ལག་ཟ་སྐབས་ཁྲོམ་གཞུང་དུ་སྡོད་ས་འཚོལ་དགོས་ཀྱི་ཡོད། ཆར་པ་བབས་པ་དང་རླུང་བུ་འཚུབ་སྐབས་དངོས་གི་གནས་དཀའ་ངལ་ཆེན་པོ་འདུག ད་ལྟ་ཞིང་ལས་དངུལ་ཁང་གིས་ང་ཚོར་ངལ་གསོ་རྒྱག་ཡུལ་ཡག་པོ་ཞིག་མཁོ་འདོན་བྱས་པ་མ་ཟད་ད་དུང་ཆུ་ཁོལ་མ་དང་། ཇ་བསྲུབས་འཕྲུལ་ཆས། ཁ་ལག་ཚ་པོ་བཟོ་ཆས་བཅས་གྲ་སྒྲིག་བྱས་ཡོད་པས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།