ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྣམ་གྲངས་བོད་སྐྱོར་གྱི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་པར་ཡུལ་བབ་དང་བསྟུན་ནས་བོད་སྐྱོར་གྱི་དོན་འཁྱོལ་ཐུབ་པའི་རྣམ་གྲངས་ལག་ལེན་བསྟར་བའི་ཚན་རིག་རང་བཞིན་དང་ལུགས་མཐུན་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་། དང་ལེན་བྱ་ཡུལ་གྱིས་རྣམ་གྲངས་ལ་བརྟེན་ནས“རང་བརྟེན”འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ། ལས་གྲྭའི་རྗེས་མཐུད་ཀྱི་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ། རྣམ་གྲངས་ལག་བསྟར་གྱི་ཡུན་རིང་རང་བཞིན་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་བོད་སྐྱོར་རྣམ་གྲངས་ཀྱི་ནུས་པ་འདོན་སྤེལ་དངོས་འབྲེལ་ཐུབ་པ་བྱེད་དགོས། ལག་རྩལ་ཐད་དཀའ་ངལ་ཅུང་ཆེ་བའམ་ཡང་ན་མ་འཇོག་གཞི་ཁྱོན་ཅུང་ཆེ་བའི་གཙོ་གནད་རྣམ་གྲངས་ཐད་ཁ་གཏད་རོགས་སྐྱོར་བྱེད་མཁན་ཚན་པའི་ལག་རྩལ་གྱི་ལེགས་ཆར་གང་ལེགས་བརྟེན་དགོས་པ་དང་བོད་སྐྱོར་ཚན་པས་རྣམ་གྲངས་དོ་དམ་ཚོགས་ཆུང་མངགས་དགོས། ཆ་རྐྱེན་གཅིག་མཚུངས་འོག་བོད་རང་གི་ཨར་སྐྲུན་རུ་ཁག་བཀོད་སྒྲིག་བྱས་ནས་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་དགོས་ལ། ས་ཆ་དེ་གའི་ཨར་སྐྲུན་རུ་ཁག་ལ་སྦྱོང་བརྡར་སྤྲས་ཏེ་ཞིང་འབྲོག་པའི་ཡོང་འབབ་ཐབས་ལམ་ཡང་རྒྱ་ཆེར་གཏོང་དགོས།

ཕྱོགས་བསྡུས་བོད་སྐྱོར་རྣམ་གྲངས་ལ་བརྟེན་ནས་རྣམ་གྲངས་ལག་ལེན་བསྟར་ཡུལ་གྱི་རང་བརྟེན་ནུས་པ་ཆེ་རུ་བཏང་སྟེ་ས་ཁུལ་དབར་ཕན་ཚུན་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བོད་སྐྱོར་རྣམ་གྲངས་དོན་འཁྱོལ་བྱེད་པའི་ཐད་ཕུགས་ཕན་ལ་སྣང་ཆེན་དང་། ས་ཁུལ་གྱི་འཕེལ་རྒྱས་དང་ལུགས་མཐུན་ངང་ཟུང་འབྲེལ། རྣམ་གྲངས་ཀྱི་ཕུགས་ཀྱི་སྤྱི་ཚོགས་ཕན་ནུས་དང་དཔལ་འབྱོར་ཕན་ནུས་ལ་སྣང་ཆེན་བྱེད་དགོས། དེ་དང་ཆབས་ཅིག ད་དུང་ས་ཁུལ་འཕེལ་རྒྱས་ཡག་པོ་ཡོང་བའི་རྨང་གཞིའི་ཐོག་ཉམས་མྱོང་ས་ཁུལ་གཞན་དག་ལ་སྤེལ་རེས་ཀྱིས་ས་ཁུལ་ཁག་རྣམ་གྲངས་ཀྱི་ཕན་འབྲས་དང་ཕུགས་ཀྱི་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྤེལ་རེས་བྱེད་སྒོའི་ནང་ཞུགས་རྒྱུ་སྒྲིག་འཛུགས་འོས་འཚམ་བྱེད་དགོས།

བོད་སྐྱོར་མ་དངུལ་དོ་དམ་ཚད་ལྡན་དུ་གཏོང་དགོས་པ་དང་། བོད་སྐྱོར་མ་དངུལ་གཏོང་སྤྲོད་བྱེད་ཐབས་ལེགས་སུ་གཏོང་བ་དང་བར་བརྒྱུད་ལྷུ་ཚིགས་ཉུང་དུ་བཏང་ཐོག མ་དངུལ་དུས་ཐོག་ཏུ་སྤྲོད་པ་དང་རྣམ་གྲངས་དུས་ཐོག་ཏུ་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། བོད་སྐྱོར་མ་དངུལ་དེ་ཉིད་ས་གནས་དེ་གའི་ནོར་སྲིད་སྔོན་རྩིས་ཀྱི་ཁོངས་སུ་བཅུག་ནས་དོ་དམ་བྱ་ཐབས་བཟོ་བ་དང་། གཅིག་གྱུར་དོ་དམ་བྱེད་པ། ཆེད་དངུལ་ཆེད་སྤྱོད་བཅས་བྱེད་དགོས། དེ་དང་ཆབས་ཅིག སྔར་ལས་ལྷག་པའི་ངང་ལས་གྲྭའི་རྗེས་མཐུད་ཀྱི་འགན་ལེན་མ་ལག་འཐུས་ཚང་དུ་བཏང་ནས་རྣམ་གྲངས་ལག་བསྟར་གྱི་ཡུན་རིང་རང་བཞིན་འགན་ལེན་བྱེད་དགོས། བོད་སྐྱོར་རྣམ་གྲངས་ཀྱི་ཚན་རིག་རང་བཞིན་དང་ལུགས་མཐུན་རང་བཞིན་གྱིས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་འགྲོ་ཕྱོགས་གཏན་འཁེལ་བྱས་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དེ་བོད་སྐྱོར་རྣམ་གྲངས་ལུགས་མཐུན་ངང་ལག་ལེན་བསྟར་བ་དང་ཁ་འབྲལ་ཐབས་མེད། བོད་སྐྱོར་རྣམ་གྲངས་དེ་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ཚེ་གཞི་ནས་བོད་ལྗོངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་ལྗོངས་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་དང་། དེ་བཞིན་སྣོད་བཅུད་ཤེས་དཔལ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་ངེས་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།